འཕྲལ་འཕྲལ་ར་དྲིས་བའི་དྲི་བ།

བཙག་ནིའི་དོན་ལུ་ དབྱེ་ཁག་གཅིག་གདམ་ཁ་རྐྱབ།

མི་ཤི། འདི་བདེན་པ་མེན། འདི་འབདཝ་ད་ མེན་ཏོས་(Mentos)འདི་ ཀོ་ཀ་ཀོ་ལ་(Coca‑Cola)གི་དམ་སྦྱིས་ནང་བཙུགས་པ་ཅིན་ བུལ་ཏོག་ལུ་འགྱུར་མི་འདི་ བདེན་པ་ཡོད། འདི་མ་ཚད་ ཆུ་ནང་ ནག་སྦྱོར་རྫས་བརླུག་ཡོད་མི་ ཆང་དང་ འཐུང་ནིའི་རིགས་གཞན་ཚུ་གིས་ཡང་ བྱེམ་གྱི་ཤུགས་ཚད་ ཅོག་འཐེདཔ་སྦེ་འོངམ་ཨིན། འདི་འབདཝ་ད་ ཀོ་ཀ་ཀོ་ལ་(Coca‑Cola)འཐུང་ཞིནམ་ལས་ མེན་ཏོས་ཟ་(Mentos)མི་འདི་གིས་ ཕན་གནོད་དེ་བཟུམ་སྦེ་ར་མེད། མེན་ཏོས་(Mentos)དང་ ཀོ་ཀ་ཀོ་ལ་(Coca‑Cola)སླ་བསྲེ་རྐྱབ་ད་ འཐོན་པའི་རྨ་འདི་ གུ་རམ་གྱི་ཤན་གྱིས་འབདཝ་ད་ཨིན། དེ་ལས་བརྟེན་ཏེ་ ནག་སྦྱོར་རྫས་ཀྱི་མངར་ཆུ་འཐོན་ཏེ་ ཆུ་བུར་ལེ་ཤ་ཅིག་ར་སྐྱེཝ་ཨིན། འདི་འབདཝ་ད་ ཁྱོད་ཀྱིས་ཟཝ་ཅིན་ ཤན་འདི་བཞུ་ནི་འགོ་བཙུགསཔ་ཨིན། འདི་འབདཝ་ལས་ ཁྱོད་ཀྱིས་ ཁྱོད་རའི་ཕོཝ་ནང་ ངོས་ལེན་ཅོག་འཐདཔ་སྦེ་ མི་ཚོར།

མི་འགྱོ། ཀོ་ཀ་ཀོ་ལ་(Coca‑Cola)གིས་ ནུབ་གཅིག་ནང་ལུ་ ཤ་འདི་བཞུ་གཏང་མི་ཚུགས། – འདི་འབདཝ་ད་ འདི་སྒྱེ་རྫས་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་བཏུབ་ཨིན། སྒྱེ་རྫས་ནང་ལུ་ ཀོ་ཀ་ཀོ་ལའི་(Coca‑Cola)བྲོཝ་ཡོད་མི་འདི་གིས་ ཤ་གི་བྲོཝ་ལུ་ ཧེང་སྐལ་འབདཝ་ཨིན། གུ་རམ་འདི་གིས་ ཤ་འདི་བསྲེག་པའི་སྐབས་ལུ་ རྒྱ་སྨུག་འགྱོ་བཅུགཔ་ཨིན། ཀོ་ཀ་ཀོ་ལའི་(Coca‑Cola)སྒྱེ་རྫས་ཀྱི་དོན་ལུ་ ཟས་སྦྱོར་ལེ་ཤ་ཅིག་ར་ ཡོངས་འབྲེལ་ནང་ལུ་འདུག

འཐབ་བཏུབ། འདི་མ་ཚད་ ག་དེམ་ཅིག་འབད་ སྐྱུརཔོ་གི་བཞེས་སྒོ་དང་འཐུང་ནི་ཚུ་ ལག་ལེན་འཐབ་པ་ཅིན་ ཚོར་སྣང་ཅོག་ར་འཐེདཔ་སྦེ་འོང་། འདི་འབདཝ་ད་ འཁྱུ་ནིའི་དོན་ལུ་ འདི་ལེགས་ཤོམ་མེན། ཀོ་ཀ་ཀོ་ལ་(Coca‑Cola)ནང་ལུ་ འོད་རྫས་འོངམ་ཨིན། འོད་རྫས་འདི་གིས་ བཞེས་སྒོའི་རིགས་ནང་ལུ་ བཙོག་པ་ཚུ་ འཕྱག་གཏངམ་ཨིན། དེ་འབདཝ་ད་ ཀོ་ཀ་ཀོ་ལ་(Coca‑Cola)འདི་ མངར་ཆུ་ཅིག་ཨིནམ་མ་གཏོགས་ འཁྱུ་ནིའི་རིགས་མེནམ་ལས་ ནད་འབུཔ་བསད་ནི་ལུ་ ནུས་པ་མེད། འཁྱུ་ནི་གི་དོན་ལུ་ གཞན་ལེ་ཤ་ར་ཡོདཔ་ཨིན།

མེན། ཀོ་ཀ་ཀོ་ལ་(Coca‑Cola)ནང་ལུ་ ཧེ་མ་ཡང་ ཀོ་ཀེན་(Cocaine)བླུག་བླུགཔ་མེད་ ཤུལ་ལས་ཡང་ མི་བླུག

མི་འདི་ཚུ་གིས་ ལོ་ངོ་༡༣༡ གི་རིང་ལུ་ ང་བཅས་ཀྱི་མངར་ཆུ་ཚུ་ འཐུང་སྟེ་ར་ཡོད། ག་ཅི་སྦེ་ཟེརན་ དེ་གི་བྲོཝ་ལུ་དགའཝ་ལས་བརྟེན་ཏེ་ཨིན་མས། ཀོ་ཀ་ཀོ་ལ་(Coca‑Cola)ནང་ལུ་ གུ་རམ་དང་ཇའི་མངར་རྫས་ཚུ་ཡོད། གུ་རམ་འདི་ ཚད་དང་ལྡན་པ་ཅིན་ལེགས་ཤོམ་ཨིན་རུ་ ཚད་ལས་བརྒལ་བ་ཅིན་ ག་ལུ་ཡང་ ལེགས་ཤོམ་མེན། བཞེས་སྒོ་དང་ མངར་ཆུ་ཚུ་བཟུམ་སྦེ་ གུ་རམ་ཡོད་པའི་མངར་ཆུ་ཚུ་ཡང་ མི་ཚེ་འཚོ་ཐབས་ལུ་ ལོངས་སྤྱོད་བཏུབ་རུང་ ཚད་ལས་མ་བརྒལ་བ་ཅིན་ ལེགས་ཤོམ་ཨིན།

ང་བཅས་རའི་ཚོང་མགྲོན་པ་ཚུ་ལུ་ གདམ་ཁ་བྱིན་ནི་གིས་མ་ཚད་ གུ་རམ་དང་བཅུད་ནུས་ ནང་སྤྱོད་འབད་ཐངས་ཤེས་དགོཔ་འདི་ཡང་ཁག་ཆེ། དེ་འབདཝ་ལས་ ང་བཅས་ཀྱིས་ གུ་རམ་ཉུངམ་དང་ གུ་རམ་མེད་པའི་མངར་ཆུ་ཚུ་ བྲོཝ་བལྟ་ནིའི་དོན་ལུ་ བྱིན་ནི་ཡོད། ང་བཅས་ཀྱི་ མངར་ཆུ་ཚུ་ སྦོམ་ཚད་ཆུང་སུ་ཅིག་འབད་འོང་མི་འདི་ དེ་ལས་བརྟེན་ཏེ་ཨིན།

དེ་གིས་ཡང་མ་ཚད་ མི་ཚུ་གིས་ ཁོང་ར་དང་ ཁོང་རའི་བཟའ་ཚང་གི་དོན་ལུ་ གདམ་ཁ་ཁེ་ཕན་ལུ་ གུ་རམ་ག་དེམ་ཅིག་བླུག་སྟེ་ཡོདཔ་ཨིན་ནའི་བརྡ་དོན་ཚུ་ཡང་ བྱིནམ་ཨིན།

འགྱུར་འོང་། ཀོ་ཀ་ཀོ་ལ་(Coca‑Cola)འདི་ བསྐོལ་བའི་བསྒང་ལས་ འགྲོས་ཀྱིས་སྦེ་ སྟུག་པག་པ་འགྱོཝ་ཨིན། ཆུ་ཚུ་ག་ར་འཐོན་འགྱོ་ཚར་བའི་བསྒང་ལས་ གུ་རམ་འདི་ འཚིག་ནི་འགོ་བཙུགསཔ་ཨིན། ག་དེམ་ཅིག་འབད་ ཚལ་ལུ་གི་ཁུ་བ་འདི་ཡང་ བསྐོལ་བ་ཅིན་ དེ་བཟུམ་འབད་ར་འགྱོ་ནི་ཡོད།

མེན། ཀོ་ཀ་ཀོ་ལ་(Coca‑Cola)མ་འཐོན་པའི་ཧེ་མ་ལས་ར་ སན་ཏ་ཀལ་སི་(Santa Claus)འདི་ བཟོ་རྣམ་མ་འདྲཝ་སྦེ་འཐོན་ཏེ་ཡོད་པའི་ཁར་ ཀི་དེབ་ནང་ལས་ཕར་ཡང་ གོ་ལ་དམརཔོ་གྱོན་ཏེ་ར་འདུག ཁོ་འདི་ པར་རིས་ཐོག་ལས་ ལེ་ཤ་ར་སྟོན་ཏེ་འདུག ཁོ་འདི་ གཟུགས་རིངམ་དང་ཉམ་ཐག་ཐགཔ་ ཡང་ན་ ཐུང་ཀུ་ འཕྲལ་འཕྲལ་ གཞན་དང་མ་འདྲཝ་དང་རིག་པ་ཅན་ དེ་མེན་ འདྲོག་སི་སི་འབད་ཨིནམ་འོང་།

ཁྱོད་ཀྱིས་ཤེས་ཅི་ཡ? ཀོ་ཀ་ཀོ་ལ་(Coca‑Cola)གིས་ སྤྱི་ལོ་༡༩༣༠ གྱི་གྲངས་ལས་ཚུར་ ཁྱབ་བསྒྲགས་འབད་དེ་ ད་རེས་ཚུན་གྱི་བར་ཡང་ ཕན་ཐོགས་སྦོམ་འཐོབ་ཡོད་མི་འདི་ བདེན་པའི་གཏམ་ཅིག་ཨིན།

ཀོ་ཀ་ཀོ་ལ་(Coca‑Cola)དང་ སན་ཏ་ཀལ་སི་(Santa Claus)གི་སྐོར་ལས་ ང་བཅས་ཀྱི་གློག་བརྙན་འདི་བལྟ།

https://youtu.be/U8J5AolQZg0

ཀོ་ཀ་ཀོ་ལ་(Coca‑Cola)གིས་ བཙའ་ཆགས་ཆགས་པའི་རིགས་ཚུ་ འཕྱག་གཏང་ཚུགས། ག་ཅི་སྦེ་ཟེརན་ ཀོ་ཀ་ཀོ་ལ་(Coca‑Cola)ནང་ལུ་ འོད་རྫས་དང་སྐྱུར་རྫས་ལ་སོགས་པ་ཚུ་ ཡོདཔ་ཨིན། ལྕགས་ཀྱི་རིགས་ལུ་ སྐྱུར་རྫས་ཡོད་པའི་ཚལ་ལུའི་ཁུ་བ་ ཧུམ་ཅུང་གི་ཁུ་བ་དང་ཆང་དཀརཔོ་ཚུ་གིས་ཡང་ ཀོ་ཀ་ཀོ་ལ་(Coca‑Cola)བཟུམ་སྦེ་ར་ ལག་ལེན་འཐབ་བཏུབ། ཨིན་རུ་ ང་བཅས་ཀྱིས་ ཀོ་ཀ་ཀོ་ལ་(Coca‑Cola)འདི་ བྲོཝ་ལེགས་ཤོམ་ཡོདཔ་ལས་ འཐུང་ཟེར་སླབ་ཨིན།

ང་བཅས་ཀྱིས་ ཀོ་ཀ་ཀོ་ལ་(Coca‑Cola)འདི་ འཐུང་ནིའི་དོན་ལུ་རྐྱངམ་ཅིག་ལག་ལེན་འཐབ་ཟེར་ར་ སླབ་འོང་། དེ་ནང་ལུ་ ཉི་མའི་དྲོད་ལས་བཀག་ཚུགས་པའི་ཁྱད་ཆོས་ཅིག་ག་ནི་ཡང་མེད། དེ་འཐུང་ནིའི་རིགས་ཅིག་ཨིན།

བདེན་པ།

ཀོ་ཀ་ཀོ་ལའི་(Coca‑Cola)ཚོང་སྡེ་གིས་ གཡོ་སྒྱུ་གི་ཐོག་ལས་ ལཱ་གཡོག་གི་གོ་སྐབས་བྱིན་ནི་འདུག་ཟེར་ ཡོངས་འབྲེལ་ཚུ་ནང་ལས་ཕར་ མ་བདེན་པའི་གཏམ་དར་ཁྱབ་གཏང་སྟེ་འདུག་ཟེར་ ང་བཅས་ཀྱིས་ཤེས།

ལ་ལུ་གཅིག་ལུ་ ཉེས་པ་འབད་མི་ཚུ་གིས་ ཉེས་ཟུག་ཕོག་མི་ཚུ་དང་འབྲེལ་བ་འཐབ་སྟེ་ ཁོང་རའི་གསང་བའི་བརྡ་དོན་དང་ དངུལ་གྱི་བརྡ་དོན་ཚུ་ལེན་ཏེ་ མགུ་སྐོར་ཏེ་ ཏི་རུ་ལེན་པའི་ལོ་རྒྱུས་ཡང་འདུག

ཀོ་ཀ་ཀོ་ལའི་(Coca‑Cola)ཚོང་སྡེ་འདི་ འདི་བཟུམ་གྱི་བྱ་ངན་འབད་མིའི་ཐོ་ནང་ ཚུད་ཚུདཔ་མེད། ལཱ་གཡོག་ཡོད་པའི་སྐོར་ ཡོངས་འབྲེལ་ནང་ལུ་ བཀོད་མི་འདི་ མི་བདེན། ང་བཅས་ཟད་འགྲོ་གཏང་མི་ཡང་མེན། ང་བཅས་ཀྱི་ མིང་དང་ཚོང་གི་ལས་རྟགས་ཚུ་ གནང་བ་མེད་པར་ ལག་ལེན་འཐབ་ནུག

དེ་སྦེ་འབད་མི་འདི་ མགུ་སྐོར་གྱི་ལཱ་གཅིག་ཨིན། དེ་ནང་ལུ་ ཉེས་ཅན་ཚུ་གིས་ ཉེས་ཟུག་ཕོག་མི་ཚུ་དང་མཐུན་ལམ་བཟོ་ཞིནམ་ལས་ སྒེར་དང་ དངུལ་འབྲེལ་གྱི་བརྡ་དོན་ཚུ་ལེནམ་ཨིན་མས། སྤྱིར་བཏང་གཡོ་འཕྲུལ་གྱི་བརྡ་སྐུལ་ཨིན་པའི་རྟགས་ཚན་ཚུ་ཡང:

ཡིག་སྡེབ་དང་ ཡིག་སྦྱོར་གྱི་འཛོལ་བ་ཡོདཔ;

ཚོང་སྡེ་གི་ལས་རྟགས་ཚུལ་དང་མ་མཐུནམ་སྦེ་ ལག་ལེན་འཐབ་ཡོདཔ;

ལས་འཛིན་གྱི་མེན་པའི་གློག་འཕྲིན་རྩིས་ཁྲ་ དཔེ་འབདན་(Yahoo!, AOL, Gmail and Hotmail) ཚུ་ལག་ལེན་འཐབ་ཡོདཔ;

མི་ངོམ་རང་གི་བརྡ་དོན་དང་ འཕྲལ་མགྱོགས་ར་མ་དངུལ་འཐོབ་ཚུགས་ཟེར་བའི་གསོལཝ་བཏབ་ནི།

བདེན་པས་ཟེར་མནོ་ཚུགས་པ་ཅིན་ བདེན་པ་འོང་། དེ་མེན་པའི་ གློག་འཕྲིན་འ་ནི་བཟུམ་ལུ་ ངོས་ལན་མ་འབད། གློག་འཕྲིན་ ཡང་ན་ ཡོངས་འབྲེལ་ འ་ནི་བཟུམ་ཚུ་ལུ་ ཁྱོད་ཀྱིས་ཁྱོད་རའི་བརྡ་དོན་ཚུ་བྱིན་ཏེ་ཡོད་པ་ཅིན་ འདི་འཕྲོ་ལས་ར་ འབྲེལ་བ་འཐབ་ནི་བཀག་བཞག་སྟེ་ ཁྱོད་རའི་སྒེར་གྱི་བརྡ་དོན་དང་ གསང་བ་ཚུ་ག་དེ་སྦེ་ ཉེན་སྲུང་དང་ལྡནམ་སྦེ་བཞག་ནི་ཨིན་ན་ གྲོས་བསྟུན་དང་ལམ་སྟོན་ཚུ་ལེན་དགོ

 

བདེན་པ།

མི་འདི་ཚུ་ལུ་ དངུལ་རྐྱང་གསོལ་ར་འཐོབ་ནུག་ཟེར་བའི་ཡིག་འཕྲིན་དང་བརྡ་འཕྲིན་ལ་སོགས་པ་ཚུ་ལྷོད་དེ་འདུག་ཟེར་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་གིས་ ཧ་གོ་ཡི།

ཡིག་འཕྲིན་ཚུ་ཡང་ ཚོང་སྡེ་འདི་ནང་ལས་གཏངམ་ཨིནམ་བཟུམ་ཚོར་རུ་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་གིས་ ག་ཅི་ཡང་གཏང་གཏངམ་མེད། ང་བཅས་ཀྱི་མའི་ཀོཀ་རི་ཝཏ་(My Coke Rewards)ཟེར་མིའི་ཁ་བྱང་འདི་ (mycokerewards.com) ཟེར་མི་འདི་ཨིན། ལས་རིམ་འདི་ཡང་ ཡུ་ནའི་ཏེཏ་ཨིས་ཏེཏ་(United States)ནང་ལུ་རྐྱངམ་ཅིག་བྱིནམ་ཨིན།

ཡིག་འཕྲིན་འདི་ཚུ་ཡང་ ཁྱོད་ཀྱིས་ཀོ་ཀ་ཀོ་ལའི་(Coca‑Cola)གཞི་བཙུགས་ཐེངས་༡༢༨པའི་གསོལ་ར་ དྲོ་ལར་$ས་ཡ་༡($1million) འཐོབ་ནུག་ཟེར་མི་དང་ ཀོ་ཀ་ཀོ་ལ་(Coca‑Cola)གསོལ་ར་བརྡ་སྐུལ་ དེ་ལས་ ཀོ་ཀ་ཀོ་ལ་(Coca‑Cola)ཡར་རྒྱས་བརྡ་སྐུལ་དང་ ཀོ་ཀ་ཀོ་ལ་ཀི་རིཤ་མསི་(Coca‑Cola Christmas)གསོལ་ར་ ཀོ་ཀ་ཀོ་ལ་(Coca‑Cola)གཞི་བཙུགས་དངུལ་རྐྱང་གྲོགས་རམ་དང་ དེ་དང་འདྲ་བའི་གཞན་ཚུ་ཡང་འདུག ཡིག་འཕྲིན་ལ་ལུ་གཅིག་ནང་ བིརི་ཏིཤི་ཨ་མི་རི་ཀན་(British American)ཏམ་ཁུ་ཚོང་སྡེ་ ཀོ་ཀ་ཀོ་ལ་(Coca‑Cola)ལོ་འཁོར་ཡར་རྒྱས་གསོལ་ར་ དེ་མ་ཚད་ ཧོང་ཀོང་(Hong Kong)ལུ་ སྣུམ་འཁོར་གྱི་གསོལ་ར་བྱིན་ནི་ཨིན་མིའི་སྐོར། ཡིག་འཕྲིན་དེ་ཚུ་ནང་ལུ་ གཞུང་འབྲེལ་གྱི་ཚིག་ཚུ་ཡང་འཁོད་དེ་འོང་། དེ་མ་ཚད་ འཕྲལ་འཕྲལ་ པར་རིས་ཚུ་ཡང་བཙུགས་ནི་དང་ གསང་བའི་ཨང་གྲངས་ ཡང་ན་ རྒྱབ་རྟེན་དང་ ཤོག་འཛིན་ཨང་ དེ་ལས་ ཀོ་ཀ་ཀོ་ལའི་(Coca‑Cola)ངོ་ཚབ་ཚུ་གི་ འབྲེལ་བ་འཐབ་སའི་ཨང་ཚུ་ཡང་ བཀོད་དེ་འོངམ་ཨིན།

ཡིག་གུ་དེ་ཚུ་ཡང་ གཞུང་གི་ཡིག་ཚང་གཅིག་ནང་ལས་ བསྐྱལ་དོ་བཟུམ་བཟོ་ནི་དང་ དངུལ་འབྲེལ་གཙུག་སྡེ་གཅིག་ལས་གཏངམ་བཟུམ། ཁོང་གིས་ འཕྲལ་འཕྲལ་ ལེན་སའི་ཨང་གྲངས་དང་ ཤོག་འཛིན་ཚུ་ཡང་ ང་བཅས་ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་ལས་བསྐྱལཝ་ཨིནམ་བཟོ་སྟེ་ གཏང་ནི་ཡོད།

འོག་ལུ་ངོ་སྟོན་ཏེ་ཡོད་པའི་དཔེ་ཚད་དེ་ཚུ་ལུ་ ཚར་གཅིག་བལྟ། དྲན་ཐོ-དཔེ་ཚད་ཀྱི་ཐོ་དེ་ཚུ་ནང་ ཀོ་ཀ་ཀོ་ལ་(Coca‑Cola)ལུ་གཡོ་སྒྱུ་འབད་མི་ག་ར་ཚུད་དེ་མེད། གཡོ་སྒྱུ་གཞན་ཡང་འོང་ ཨིན་རུང་ དེ་ནང་མ་ཚུད་མི།

ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་འདི་ ག་དེ་སྦེ་འབད་རུང་ གློག་འཕྲིན་དང་ཡིག་འཕྲིན་ ཡི་གུ་དང་ གནང་བ་སྤྲོད་མེད་པའི་ཡོངས་འབྲེལ་འཆར་སྒོ་ ཡང་ན་ ལས་རིམ་ལ་སོགས་པ་ཚུ་དང་ འབྲེལ་བ་མེད། ང་བཅས་ མ་དངུལ་གྱི་སྦྱིན་བདག་ཡང་མེནམ་མ་ཚད་ ང་བཅས་ཀྱི་མིང་དང་ ཚོང་སྡེ་ལས་རྟགས་ཚུ་ཡང་ གནང་བ་མེད་པར་ལག་ལེན་འཐབ་ནུག

དཔེ་ཚད་ ༡ པ:

དོན་ཚན: ཁྱོད་ཀྱིས་ ཀོ་ཀ་ཀོ་ལ་(Coca‑Cola)གཞི་བཙུགས་ཐེངས་༡༢༨ པའི་ཚོང་བསྒྲགས་ནང་ལས་ དྲོ་ལར་$ས་ཡ་༡ ($1million)འཐོབ་ནུག

ཚོང་མགྲོན་པ་ལུ།

བཀྲ་ཤིས་བདེ་ལེགས།

ཁྱོད་ཀྱི་འགྲེམས་ཡིག་འདི་ ཡུ་ནའི་ཏེཏ་ཨིསི་ཏེཏ་(United States)ལུ་ ཁྲིམས་མཐུན་ཐོག་ལས་ ཐོ་བཀོད་གྲུབ་ཡོད་པའི་ ཀོ་ཀ་ཀོ་ལའི་(Coca‑Cola)དབང་འཛིན་གྱིས་ ཀོ་ཀ་ཀོ་ལ་(Coca‑Cola)གཞི་བཙུགས་ཐེངས་༡༢༨ པ་བརྩི་སྲུང་འབདཝ་དང་འབྲེལ་ དངུལ་རྐྱང་གསོལ་ར་དྲོ་ལར་$ས་ཡ་༡($1million) བྱིན་ནིའི་དོན་ལུ་ ག་ཚུད་འབད་གདམ་ཁ་རྐྱབ་སྟེ་འཐུ་འཐུཝ་ཨིན།

གསོལ་ར་འདི་འཐོབ་ནིའི་དོན་ལུ་ ཁྱོད་རའི་མིང་ ལོ་ཚད་ བརྒྱུད་འཕྲིན་ཨང་དང་ ཁ་བྱང་ཚུ་སྤྲོད་གནང་།

ས་ཡིག་རྐྱབ་རྐྱབཔ།

ཀ་ལེཏ་སི།(Clyde C.) ཊ་གལ།(Tuggle.)

མི་མང་མཐུན་འབྲེལ་འགོ་དཔོན་གོངམ་དང་ བརྒྱུད་འབྲེལ་འགོ་དཔོན།

དཔེ་ཚད་༢ པ:

དོན་ཚན: ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་གཞུང་འབྲེལ་གསོལ་ར་བརྡ་སྐུལ།

ང་བཅས་ཁྱོད་ལུ་ སྤྱི་ལོ་༢༠༠༦ སྤྱི་ཟླ་༥པའི་སྤྱི་ཚེས་༡༨ ལུ་ ལོ་འཁོར་རྒྱན་ཤོག་གདམ་འཐུ་འབད་དེ་ཡོད་པའི་གྲུབ་འབྲས་གསལ་ཞུ་འབད་ནི་ལུ་ གནམ་མེད་ས་མེད་སེམས་དགའ་སྟེ་ཡོད། དེ་ཡང་ ཀོ་ཀ་ཀོ་ལ་(Coca‑Cola)དང་ བིརི་ཏིཤི་ཨ་མི་རི་ཀན་(British American)ཏམ་ཁུ་འཛམ་གླིང་དར་ཁྱབ་དང་ཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཁ་རྗེ་ཅན་གྱི་མི་ངོམ་ ༢༠ གིས་ མ་དངུལ་£༡,༠༠༠,༠༠༠.༠༠ འཐོབ་ཡོདཔ་ཨིན། ཨིན་རུ་ གྲུབ་འབྲས་འདི་ སྤྱི་ལོ་༢༠༠༦ སྤྱི་ཟླ་༥ པའི་སྤྱི་ཚེས་༢༠ ལུ་གསལ་བསྒྲགས་འབད་དེ་ཡོད། ཡོངས་འབྲེལ་ཐོག་གི་ཁ་རྗེ་ཅན་གྱི་མི་ངོམ་གདམ་འཐུ་འདི་ཡང་ ཡོངས་འབྲེལ་ཁ་བྱང་དེ་ཚུ་ ག་ཚུད་སྦེ་གདམ་ཁ་རྐྱབ་སྟེ་འབད་འབདཝ་ཨིནམ་ལས་ རང་ཕྱོགས་དང་གཞན་ཕྱོགས་བཟུང་ནིའི་འོས་འབབ་ར་མེད། ཨིན་རུང་ ཤོག་འཛིན་གཅིག་ཡང་མ་བཙོང་པར་ཡོད། དེ་འབདཝ་ད་ ཡོངས་འབྲེལ་ཁ་བྱང་ག་ར་ལུ་ ཤོག་འཛིན་གྱི་ཨང་མ་འདྲཝ་རེ་རེ་བྱིན་ཏེ་ཡོད།

དཔེ་ཚད་༣ པ:

དོན་ཚན: ལོ་བསྟར་ལོ་ཕྱེད་ཀོ་ཀ་ཀོ་ལ་(Coca‑Cola)ཚོང་བསྒྲགས་ཁ་རྗེ་གདམ་འཐུ་གི་བརྡ་སྐུལ།

ཁྱོད་ཀྱིས་ སྤྱི་ལོ་༢༠༠༦ གི་ ལོ་བསྟར་ལོ་ཕྱེད་ཀོ་ཀ་ཀོ་ལ་(Coca‑Cola)ཚོང་བསྒྲགས་ཁ་རྗེ་གདམ་འཐུ་ནང་ལས་ རྒྱལ་ཁ་ཐོབ་ནུག་ཟེར་བརྡ་སྐུལ་འབདཝ་ཨིན། གཞན་ ཨ་རྟག་འབདན་ སྤྱི་ཟླ་ ༧ པ་ལས་ ༨ པའི་བར་ནང་འབད་མི་འདི་ སྤྱི་ལོ་༢༠༠༦ ལས་ ཚུར་འཐེན་ཏེ་ཡོདཔ་ཨིན།

ལོ་ཕྱེད་ཨ་རྟག་ར་ ཀོ་ཀ་ཀོ་ལ་(Coca‑Cola)མཛོད་ཁང་ སུ་རུ་ལེ་ལེ་ཛོན་(Surulele Zone)གིས་ ཚོང་བསྒྲགས་ཀྱི་ལས་རིམ་འདི་ ང་བཅས་རའི་ཁེ་སང་འཐེབ་ཐོབ་ཡོད་མི་ལས་ དམིགས་པ་ཡང་

མི་ཚེའི་འཚོ་བ་དང་ དཀའ་ངལ་ཅན་ཚུ་ལུ་ ཆ་རོགས་འབད་ནིའི་དོན་ལུ་ཨིན། ནའི་ཇི་རི་ཡ་(Nigeria)ལུ་ ལོ་བསྟར་ལོ་ཕྱེད་གྲོགས་རམ་གྱི་བརྡ་སྟོན་འདི་ ལོ་ངོ་༡༠ འགྱོཝ་ཨིན། དེ་འབདཝ་ལས་ ཀོ་ཀ་ཀོ་ལའི་(Coca‑Cola)མཛོད་ཁང་འདི་ སྤྱི་ལོ་༢༠༡༢ ཚུན་ ཚོང་ལམ་སྤོ་ནི་འབད་ གྲོས་ཐག་གཅད་ཅི། སྤྱི་ལོ་༢༠༠༦ ལོའི་ ཁ་རྗེ་གདམ་འཐུ་འདི་ ད་རིས་ སྤྱི་ལོ་༢༠༠༦ སྤྱི་ཟླ་བརྒྱད་པའི་སྤྱི་ཚེས་༢༨ ལུ་ དྲོ་པ་ཆུ་ཚོད་ ༨:༡༥ ལུ་ འགོ་འདྲེན་འཐབ་ཅི། (ནའི་ཇི་རི་ཡའི་ཆུ་ཚོད)

ཨཕ་རི་ཀའི་(African)གླིང་ཕྲན་ཆ་མཉམ་(ནའི་ཇི་རི་ཡ་ ཡངས་ཆག་འབད་ཡོད།)་ ཨེ་ཤི་ཡ་ ཡུ་རོབ་ ཨསི་ཀྲེ་ལི་ཡ་ ཨ་མི་རི་ཀ་ བྱང་ཨ་མི་རི་ཀ་དང་ ལྷོ་ཨ་མི་རི་ཀ་(ASIA, EUROPE, AUSTRALIA, AMERICA, NORTH AMERICA, & SOUTH AMERICA)ཚུ་ནང་ལས་ གློག་འཕྲིན་ཁ་བྱང་ཚུ་ གདམ་འཐུ་འབད་དེ་ཡོད། གློག་འཕྲིན་ཁ་བྱང་ལེ་ཤ་ཡོད་པའི་ནང་ལས་ སྐྱེ་ལོ་ ༥ འབད་མི་ ཨ་ལོ་བུམོ་ཅུང་ཇོན་(Joan)ཟེར་མི་གིས་ གཅིག་གདམ་འཐུ་འབད་ཡི། དེ་ཡང་ ཇོན་(Joan)གྱིས་ ཤོག་འཛིན་ཁ་བྱང་ཨང་ *༤༤ཨེན་ཨི་ཨེཅ་༡༩ཨེས་ཨེས་ཨེཕ་ཀོ་ཀ་༥་ཨི་སི་སི* (*44neh19xxfcoca5ecc*)འབད་མི་འདི་འཐུ་སྟེ་ཡོདཔ་ཨིན།

དེ་འབདཝ་ལས་ ང་བཅས་ག་ར་གིས་ ངལ་རངས་ཀྱི་སྒོ་ལས་ ཁྱོད་ལུ་ སྤྱི་ལོ་༢༠༠༦ ལོའི་ ལོ་བསྟར་ལོ་ཕྱེད་ཀྱི་གྲོགས་རམ་ཡར་སྐྱེད་གསོལ་ར་ ཡུ་ཨེསི་དྲོ་ལར་ས་ཡ་ ༥.༢ (US$ 5.2m)འཐོབ་ཡོད་པའི་ངོ་འབྱོར་འབདཝ་ཨིན། དེ་འབདཝ་ལས་ ཁྱོད་ཀྱིས་ཐོབ་སྟེ་ཡོད་པའི་ཡུ་ཨེསི་དྲོ་ལར་ ས་ཡ་༥.༢ (US$ 5.2m)འདི་ སྤྱི་ལོ་༢༠༠༦ སྤྱི་ཟླ་གཉིས་པའི་སྤྱི་ཚེས་༡༥ ལུ་ ནའི་ཇི་རི་ཡའི་(Nigeria)དངུལ་ཁང་ནང་ལུ་ བཙུགས་ཏེ་ཡོད། དེ་འབདཝ་ལས་ ཁྱོད་རའི་རྩིས་ཁྲ་ནང་མ་གཏང་ཚུན་ བརྒྱ་ཆ་ལས་ ༡༠༠ % ཉེན་སྲུང་དང་ལྡནམ་སྦེ་ཡོད།

དཔེ་ཚད་ ༤ པ:

དོན་ཚན: གསོལ་རའི་བརྡ་སྐུལ

ལོན་ཌན་ ཡུ་ཀེ་(London UK)ལུ་ སྤྱི་ལོ་༢༠༠༥ སྤྱི་ཟླ་དགུ་པའི་སྤྱི་ཚེས་༢༦ལུ་ རྒྱལ་སྤྱི་ལས་རིམ་འགོ་འདྲེན་འཐབ་ཡོད་མི་ནང་ལས་ དངུལ་རྐྱང་གི་གསོལ་ར་ £༢,༦༠༠,༠༠༠.༠༠ (གེ་རེཊ་བི་རི་ཏིཤ་པ་འུནཌ་(Great British Pounds)ས་ཡ་གཉིས་དང་འབུམ་དྲུག)གི་དོན་ལུ་ ཁྱོད་ཡང་ གདམ་འཐུ་འབད་ཡོད་ཟེར་ བརྡ་སྐུལ་འབདཝ་ཨིན།

འཛམ་གླིང་གི་གླིང་ཕྲན་ག་རའི་ནང་ལས་ ཁ་རྗེ་གདམ་འཐུ་འདི་ཡང་ གློག་འཕྲིན་ཁ་བྱང་གདམ་ཁའི་རིམ་ལུགས་(ess) ཐོག་ལས་ གློག་འཕྲིན་ཁ་བྱང་༥༠༠,༠༠༠ ལྷགཔ་ཅིག་ལུ་ འགོ་འདྲེན་འཐབ་སྟེ་ཡོད།

ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེའི་རྒྱན་ཤོག་འདི་ཡང་ བི་རི་ཊིཤ་(British)རྩེད་རིགས་བཀོད་ཚོགས་ཀྱིས་ ངོས་ལེན་འབད་ཡོདཔ་དང་ རྒྱལ་སྤྱི་རྩེད་རིགས་ཚད་འཛིན་ཚོགས་པ་(IAGR)གིས་ ཆོག་ཐམ་གནང་ཡོད་མི་གཅིག་ཨིན། ཨ་ནཱི་ཚོང་བསྒྲགས་ཀྱི་རྒྱན་ཤོག་འདི་ ཐེངས་ ༢ པ་ཨིནམ་དང་ ང་བཅས་ཀྱིས་ མི་སེར་ལུ་ གོ་བརྡ་སྤྲོད་ནིའི་རེ་བ་ཨིན།

ཁྱོད་རའི་གསོལ་ར་འདི་ ལེན་ནིའི་དོན་ལས་ གཤམ་ལུ་བཀོད་དེ་ཡོད་པའི་ གསོལ་ར་རྩིས་སྤྲོད་ངོ་ཚབ་དང་གཅིག་ཁར་ འབྲེལ་བ་འཐབ།

གློག་བརྙན་འདི་གི་བདེན་ཁུངས་ཀྱི་འཐད་ལུ་ ང་བཅས་ཀྱིས་ ག་ཅི་ཡང་སླབ་ནི་མེད། དེ་འབདཝ་ད་ ང་བཅས་ཀྱིས་དོགས་གསལ་འབད་དགོཔ་འདི་ར་ འཐུང་ནིའི་རིགས་ག་ར་ཉེན་སྲུང་དང་ལྡནམ་མ་ཚད་ རྒྱ་གར་གཞུང་གི་རྒྱལ་ཡོངས་བཞེས་སྒོ་ཉེན་སྲུང་དབང་འཛིན་-(FSSAI)དང་ཡང་ ཚུལ་མཐུནམ་སྦེ་ཡོད།

གློག་བརྙན་ནང་ལུ་མཐོང་མི་འདི་ གཞན་དང་མ་འདྲཝ་ཅིག་ ག་ཅི་ཡང་མེད། རྒྱུ་ཆས་ཀྱི་རིགས་ གོ་ལ་ ཡང་ན་ ཤོག་ཀུ་ཚུ་ ཚོས་གཞི་དང་ལྡན་པའི་ཆུའི་རིགས་གཅིག་ནང་སྦང་པ་ཅིན་ ཚོས་གཞི་འདི་ རྒྱུ་ཆས་འདི་ལུ་ཡང་རེདཔ་ཨིན། འ་ནི་ལུ་ ཁྲག་ལམ་འབད་ཐངས་ཟེར་སླབ་ཨིན།

ཕན་ཊ་(Fanta)ལི་ཝང་ནང་ལུ་ བཟའ་འཐུང་གི་ཚོས་གཞི་ཡོད་ཟེར་ དོ་ག་ར་གུ་བཀོད་དེ་ཡོད། དེ་ཚུ་ག་ར་ཞིབ་དཔྱད་དང་མོ་བཏབ་དེ་ཚུ་འབད་དེ་ཡོདཔ་མ་ཚད་ རྒྱ་གར་དང་རྒྱལ་སྤྱི་བཞེས་སྒོ་ཉེན་སྲུང་དབང་འཛིན་ཚུ་གིས་ཡང་ ངོས་ལེན་འབད་དེ་ཡོདཔ་ཨིན། བཞེས་སྒོ་དང་སྨན་རྫས་བདག་སྐྱོང་(FDA); གཟུགས་ཁམས་ཀེ་ནེ་ཌ།(Canada) ཡུ་རོ་པེན་(European)བཞེས་སྒོ་ཉེན་སྲུང་དབང་འཛིན(EFSA) རྒྱ་གར་གྱི་བཞེས་སྒོ་ཉེན་སྲུང་དང་ཚད་ལྡན་དབང་འཛིན།

སྤྱོད་མི་ཚུ་གི་མིག་ཏོ་ཁར་ མཛེས་ཏོག་ཏོ་དང་ གཞན་དང་མ་འདྲཝ་འབད་མཐོང་ནིའི་དོན་ལུ་ བཟའ་འཐུང་གི་ཚོས་གཞི་ཚུ་ དཔེ་འབདན་ ཕན་ཊ་(Fanta)ལི་ཝང་ཚུ་ནང་ ལག་ལེན་འཐབ་སྟེ་ཡོད། དེ་ཚུ་ཡང་ རྒྱ་གར་ལུ་ཉེན་ཁ་ག་ནི་ཡང་མེད་པར་ལོངས་སྤྱོད་ཡོད་པའི་བཞེས་སྒོའི་རིགས་ ཇེམསི་(Jams) ཇེ་ལིསི་(Jellies) འཐུང་ཆོག་པའི་ཤིང་འབྲས་ཀྱི་མངར་ཆུ་དང་ སྒོ་ནོར་གྱི་ཐོན་སྐྱེད་ལ་སོགས་པ་ཚུ་ནང་ ལག་ལེན་འཐབ་སྟེ་ཡོདཔ་ཨིན།

ཕན་ཊ་(Fanta)འདི་ རྒྱ་གར་དང་ རྒྱལ་སྤྱིའི་རྒྱལ་ཁབ་ཚུ་ནང་ལས་ཕར་ མི་སེར་ས་ཡ་ལས་བཅད་དེ་ ལོངས་སྤྱོད་དེ་ཡོདཔ་ཨིན། དེ་ཡང་ སྤུས་ཚད་ལེགས་ཤོམ་ ཉེན་སྲུང་ལྡནམ་དང་ བྲོཝ་ཞིམ་ཏོང་ཏོ་ཡོད་པའི་ཁྱད་ཆོས་ཚུ་གིས་ རྒྱ་གར་ལུ་ ལོ་ངོ་༢༠ དེམ་ཅིག་དང་ རྒྱལ་སྤྱི་ནང་ལས་ཕར་ མི་ལོ་༡༣༠ ལས་ལྷག་ཡུན་བརྟན་སྦེ་གནས་ཏེ་ཡོད། ད་ལས་ཕར་ཡང་ དེ་སྦེ་ར་འབད་ནིའི་རེ་བ་ཡོད། བློ་གཏད་མེད་པའི་གློག་བརྙན་ཚུ་གིས་ ང་བཅས་ཀྱི་ཚོང་སྡེའི་ཐོན་རྣམ་གྱི་མིང་གཏམ་ལུ་ གནམ་མེད་ས་མེད་བྱེམ་ཕོག་སྟེ་ཡོད།

https://youtu.be/8U-0hl2Ilwg

ད་རུ་དྲི་བ་ཡོད?