ཀོ་ཀ་ཀོ་ལ་(Coca‑Cola) སྤྱོད་མིའི་སྒེར་དབང་སྲིད་བྱུས་ནང་ལུ་ བྱོན་པ་ལེགས་སོ།

ཀོ་ཀ་ཀོ་ལ་(Coca‑Cola) ཚོང་སྡེ་དང་ དེ་དང་འབྲེལ་བའི་ (ཀོ་ཀ་ཀོ་ལ་(Coca‑Cola) མཉམ་ཅིག་ ཡང་ན་ ང་བཅས་) ཀྱིས་ ཁྱོད་ཀྱི་སྒེར་དབང་གི་དལ་དབང་ལུ་ གུས་ཞབས་ཡོད། ཁྱོད་ཀྱིས་ང་བཅས་ལུ་ ཁྱོད་རའི་རང་རྐྱང་བརྡ་དོན་དང་མཉམ་ བློ་གཏད་མི་ལུ་ ངལ་རངས་ཡོདཔ་དང་ ཁྱོད་དང་འབྲེལ་བ་འཐབ་པའི་སྐབས་ལུ་ ཁྱོད་ཀྱི་སྒེར་དབང་ལུ་ གུས་ཞབས་འབད་ནི་འདི་ཡང་ ང་བཅས་ཀྱི་འགན་འཁུར་ཨིན།

ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ལག་ལེན་འཐབ་ནི་འདི་ འོག་གིགཞི་རྩ་ཚུའི་ལམ་སྟོན་ཐོག་ཨིན།:

  • དྭངས་གསལ།
  • གུས་ཞབས།
  • བློ་གཏད།
  • དྲང་བདེན།

འགོ་འཛུགས་ཚེས་གྲངས: 12.09.2024 ༢༠༢༤

ཀོ་ཀ་ཀོ་ལ་(Coca‑Cola) སྤྱོད་མིའི་སྒེར་དབང་སྲིད་བྱུས་ (སྒེར་དབང་སྲིད་བྱུས་) འདི་གིས་ ཀོ་ཀ་ཀོ་ལ་(Coca‑Cola) གིས་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ ཡང་ན་ བརྒྱུད་འཕྲིན་རིམ་ལུགས་ (གློག་རིག་རིམ་ལུགས་) བརྡ་སྒྲོམ་དང་ གཞན་ཡང་ ཡོངས་འབྲེལ་ཐོག་དང་ ཡོངས་འབྲེལ་མིན་པའི་ཞབས་ཏོག་ལ་སོགས་པའི་ ཀོ་ཀ་ཀོ་ལ་(Coca‑Cola) གིས་ལག་ལེན་འཐབ་མི་ (ཞབས་ཏོག་མཉམ་ཅིག་) དང་ རང་རྐྱང་བརྡ་དོན་དེ་ཚུ་ ང་བཅས་ཀྱིས་ ག་དེ་སྦེ་ལག་ལེན་དང་ ཉེན་སྲུང་འབདཝ་ཨིན་ནའི་སྐོར་ལས་ བཤདཔ་ཨིན། སྒེར་དབང་སྲིད་བྱུས་དེ་གིས་ སྤྱོད་མི་ཚུ་གིས་ ཁོང་རའི་རང་རྐྱང་བརྡ་དོན་ གདམ་ཁ་ག་དེ་སྦེ་རྐྱབ་ནི་ཨིན་ན་ཡང་ བཤད་དེ་བྱིནམ་ཨིན།

སྒེར་དབང་སྲིད་བྱུས་འདི་ནང་ རང་རྐྱང་བརྡ་དོན་ཟེར་སླབ་པའི་སྐབས་ལུ་ (ཁྲིམས་ལུགས་ལ་ལུ་ཅིག་ནང་ འཕྲལ་འཕྲལ་ རང་རྐྱང་གནས་སྡུད་ཟེར་ཡང་སླབ་ཨིན་) མི་ངོམ་གཅིག་ངོ་སྟོན་མི་ ཡང་ན་ ངོ་ཕྱེ་ནིའི་དོན་ལུ་ ལག་ལེན་འཐབ་པའི་བརྡ་དོན་ཅིག་ལུ་སླབ་ཨིན། འདི་འབདཝ་ལས་ རང་རྐྱང་བརྡ་དོན་ཟེར་བའི་སྐབས་ལུ་ ཐད་ཀར་ངོ་ཕྱེ་མི་(དཔེ་འབདན་ མིང་གསལ་) དང་ ཐད་ཀར་མེན་པའི་ངོ་ཕྱེ་མི་ (དཔེ་འབདན་ གློག་རིག་ ཀམ་པིའུ་ཏར་(computer) ཡང་ན་ བརྒྱུད་འཕྲིན་གྱི་ཨའི་དྲི་(ID) དང་ ཨའི་པི་(IP) ཁ་བྱང་།) ང་བཅས་ཀྱིས་ ཁྱོད་ ཡང་ན་ སྤྱོད་མི་ཟེར་སླབ་པའི་སྐབས་ལུ་ ཞབས་ཏོག་སྤྱོད་མི་ཅིག་ལུ་གོཝ་ཨིན། ང་བཅས་ཀྱིས་ འཛིན་སྐྱོང་པ་ཟེར་བའི་སྐབས་ལུ་ རང་རྐྱང་བརྡ་དོན་ག་ཏེ་ལས་བསྡུ་ལེན་འབད་འབདཝ་ཨིན་ན་ ཡང་ན་ ཁྱོད་ཀྱི་སྐོར་ལས་དང་ རང་རྐྱང་བརྡ་དོན་འདི་ ག་དེ་སྦེ་ལག་ལེན་འཐབ་ཨིན་ན་དང་ ཉེན་སྲུང་འབདཝ་ཨིན་ན་ཚུ་ སྟོན་མི་ལུ་གོཝ་ཨིན།

ང་བཅས་ཀྱིས་ ཁྱོད་ཀྱི་རང་རྐྱང་བརྡ་དོན་ཚུ་ ག་དེ་སྦེ་བསྡུ་ལེན། ལག་ལེན་དང་ ཉེན་སྲུང་འབདཝ་ཨིན་ན་ཚུ་ ང་བཅས་ཀྱིས་ལག་ལེན་འཐབ་ཡོད་པའི་ཁྲིམས་ལུགས་དང་འཁྲིལཝ་ཨིན། འདི་འབདཝ་ལས་ ས་གོ་སོ་སོ་ནང་ལུ་ འབད་ཐངས་ཡང་མ་འདྲཝ་སྦེ་འོང་། ཁ་གསལ་གྱི་དོན་ལུ་ དབང་ཚད་ཡོངས་ཁྱབ་ནང་ལུ་འཁོད་དེ་ཡོད་པའི་ཁྱོད་རའི་དལ་དབང་དང་འགན་ཁུར་ དེ་ལས་ ག་དང་འབྲེལ་བ་འཐབ་དགོཔ་ཨིན་ན་ཚུ་ སྒེར་དབང་གི་དབང་ཆ་དང་གདམ་ཁ་ ནང་ལུ་བལྟ།

ག་དེམ་ཅིག་སྦེ་ ཀོ་ཀ་ཀོ་ལ་(Coca‑Cola) གིས་ ཁྱོད་ཀྱི་རང་རྐྱང་བརྡ་དོན་ཚུ་ ག་དེ་སྦེ་ལག་ལེན་འཐབ་ཨིན་ནའི་སྐོར་ལས་ དྲི་བ་རེ་ཡོད་པ་ཅིན་PRIVACY@COCA-COLA.COM དང་འབྲེལ་བ་འཐབ་གནང་།

སྒེར་དབང་སྲིད་བྱུས་འདི་ནང་ ག་ཅི་ར་ཡོད?

སྒེར་དབང་སྲིད་བྱུས་འདི་ འོག་ལུ་བཀོད་མི་དབྱེ་ཚན་ནང་ བགོ་བཤའ་རྐྱབ་སྟེ་ཡོད།:

1. སྒེར་དབང་སྲིད་བྱུས་འདི་ ནམ་ ལག་ལེན་འཐབ་སྨོ?

2. སྒེར་དབང་སྲིད་བྱུས་འདི་ ག་ཏེ་ལུ་ ལག་ལེན་འཐབ་སྨོ?

3. ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་ཅི་བཟུམ་བསྡུ་ལེན་འབདཝ་ཨིན་ན? ག་ཅི་སྦེ?

4. ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་དེ་སྦེ་ ལག་ལེན་འཐབ་སྨོ?

5. ཀོ་ཀ་ཀོ་ལ་(Coca‑Cola) གིས་ ཀུ་ཀིསི་ལག་ལེན་འཐབ་ནི་ཡོད་ག?

6. ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ཚུ་ ག་དེ་སྦེ་ སྤེལཝ་སྨོ?

7. ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་དེ་སྦེ་ ཉེན་སྲུང་འབདཝ་སྨོ?

8. ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་དེ་སྦེ་ བདག་བཟུང་འབདཝ་སྨོ?

9. རང་རྐྱང་བརྡ་དོན་ལུ་ གདམ་ཁ་ག་ཅི་བཟུམ་ར་ ཡོད་ག?

10. ཀོ་ཀ་ཀོ་ལ་(Coca‑Cola) གིས་ ཨ་ལོའི་སྒེར་དབང་ག་དེ་སྦེ་ ཉེན་སྲུང་འབདཝ་སྨོ?

11. ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ཚུ་ ཕྱི་རྒྱལ་ཁབ་ཚུ་ལུ་ གནས་སོར་འབདཝ་ཨིན་ན?

12. སྒེར་དབང་སྲིད་བྱུས་འདི་ ནམ་ བསྒྱུར་བཅོས་འབད་ཡི?

༡། སྒེར་དབང་སྲིད་བྱུས་འདི་ ནམ་ ལག་ལེན་འཐབ་སྨོ?

སྒེར་དབང་སྲིད་བྱུས་འདི་ གསལ་བསྒྲགས་འབད་ཡོདཔ་དང་ སྤྱོད་མི་གསརཔ་ཚུ་ 12.09.2024 ༢༠༢༤ ལས་ འགོ་བཙུགསཔ་ཨིན།  

ཀོ་ཀ་ཀོ་ལའི་(Coca‑Cola’s) འགོ་ཐོག་སྒེར་དབང་སྲིད་བྱུས་འདི་ 22.09.2024 ལག་ལེན་འཐབ་ནི་ཨིནམ་དང་
privacy@coca-cola.comནང་ལས་ ཁྱོད་རའི་དགོས་འདོད་དང་འཁྲིལ་འཐོབ་ཚུགས།

༢། སྒེར་དབང་སྲིད་བྱུས་འདི་ ག་ཏེ་ལུ་ ལག་ལེན་འཐབ་སྨོ?

སྒེར་དབང་སྲིད་བྱུས་འདི་ གསལ་བསྒྲགས་ ཡང་ན་ འབྲེལ་མཐུད་འབད་ཡོདཔ་ སྒེར་དབང་སྲིད་བྱུས་འདི་ཞབས་ཏོག་ཚུ་ནང་དམིགས་གསལ་བཀོད་ཡོདཔ་ ཡང་ན་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཁྱོད་ལུ་ངོས་ལེན་འབད་ཟེར་སླབ་ཡོདཔ་ ཞབས་ཏོག་ལག་ལེན་འཐབ་མི་ཚུ་ལས་ བསྡུ་ལེན་འབད་ཡོད་པའི་ རང་རྐྱང་བརྡ་དོན་ཚུ་ལུ་ ལག་ལེན་འཐབ་ཨིན།  སྒེར་དབང་སྲིད་བྱུས་འདི་གིས་ སྤྱོད་མི་ཚུ་ལས་ གློག་འཕྲིན། བརྒྱུད་འཕྲིན་ ཡང་ན་ མི་ངོ་རྐྱང་ཕྱེད་དེ་བསྡུ་ལེན་འབད་ཡོད་པའི་རང་རྐྱང་བརྡ་དོན་ཚུ་ ཚུདཔ་ཨིན།

སྒེར་དབང་སྲིད་བྱུས་འདི་ སྤྱོད་མི་ཚུ་གིས་ རང་རྐྱང་བརྡ་དོན་ཚུ་ ང་བཅས་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་ཐོག་ལས་ སྤྲོད་མི་ལུ་ཡང་ ལག་ལེན་འཐབ་ཨིན། སྒེར་དབང་སྲིད་བྱུས་འདི་ མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་དམིགས་བསལ་རང་རྐྱང་བརྡ་དོན་ལུ་ ལག་ལེན་འཐབ་ཨིནམ་མེནམ་གི་སྐོར་ལས་ དྲི་བ་རེ་ཡོད་པ་ཅིན་ privacy@coca-cola.com ནང་ འབྲེལ་བ་འཐབ་གནང་།

སྒེར་དབང་སྲིད་བྱུས་འདི་ ལས་སྡེ་གཞན་གྱིས་ལག་ལེན་འཐབ་ཡོད་པའི་ ཡོངས་འབྲེལ་འཆར་སྒོ་དང་ ཡོངས་ཐོག་ཞབས་ཏོག་ཚུ་ལུ་ ལག་ལེན་མི་འཐབ། ཡོངས་འབྲེལ་དང་ ཞབས་ཏོག་གཞན་དེ་ཚུ་ ཁོང་རའི་སྒེར་དབང་སྲིད་བྱུས་ལག་ལེན་འཐབ་ཨིན་ སྒེར་དབང་སྲིད་བྱུས་འདི་མེན། འདི་འབདཝ་ལས་ ཁྱོད་རའི་བརྡ་དོན་ཚུ་ ག་དེ་སྦེ་ལག་ལེན་འཐབ་ཨིན་ན་ཤེས་ནིའི་དོན་ལུ་ སྒེར་དབང་སྲིད་བྱུས་དེ་ཚུ་ཡང་ ལེགས་ཤོམ་སྦེ་ བརྟག་དཔྱད་འབད་དགོ

༣། ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་ཅི་བཟུམ་བསྡུ་ལེན་འབདཝ་ཨིན་ན? ག་ཅི་སྦེ?

ཨེ་ (a.) ཁྱོད་རང་གིས་ ང་བཅས་ལུ་བྱིན་ནིའི་བརྡ་དོན་ གདམ་ཁ་རྐྱབ་ཡོད་པའི་ །

ང་བཅས་ལུ་བྱིན་ནི་ཨིན་མིའི་ ཁྱོད་ར་གིས་གདམ་ཁ་རྐྱབ་ཡོད་པའི་ རང་རྐྱང་བརྡ་དོན་ཚུ་ བསྡུ་ལེན་འབདཝ་ཨིན།

ཁྱོད་ར་གིས་གདམ་ཁ་རྐྱབ་ཡོད་པའི་ རང་རྐྱང་བརྡ་དོན་ཟེར་རུང་ འོག་ལུ་བཀོད་ཡོད་པའི་རང་རྐྱང་བརྡ་དོན་གྱི་དབྱེ་བ་ཚུ་ཨིན། ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་ཅི་བཟུམ་བསྡུ་ལེན་འབདཝ་ཨིན་ན་དང་ ག་ཅི་སྦེ་འབདཝ་ཨིན་ནའི་སྐོར་ལས་ མངམ་ཤེས་ནིའི་དོན་ལུ་ འོག་ལུ་བཀོད་ཡོད་མི་འདི་ བསྐྱར་ཞིབ་འབད།:

འབྲེལ་བ་འཐབ་ས་དང་ རྩིས་ཁྲའི་བརྡ་དོན།

ཀོ་ཀ་ཀོ་ལ་(Coca‑Cola) གིས་ ཞབས་ཏོག་འདི་ནང་ རྩིས་ཁྲ་གསརཔ་བཟོ་ནིའི་དོན་ལུ་ ཁྱོད་ཀྱི་ འགོ་དང་མཇུག་གི་མིང་ གློག་འཕྲིན་ཁ་བྱང་དང་/ཡང་ན་ བརྒྱུད་འཕྲིན་ཨང་གྲངས་ དེ་ལས་ སྐྱེ་ཚེས་ཚུ་ ལེནམ་ཨིན། དེ་མ་ཚད་ ང་བཅས་ཀྱིས་ སྤྱོད་མིང་དང་ གསང་ཨང་ ལོ་ གློག་འཕྲིན་ཁ་བྱང་ གཞུང་སྤྲོད་ངོས་འཛིན་དང་ གཞན་ཡང་ དེ་དང་འབྲེལ་བའི་བརྡ་དོན་ཚུ་ ལེན་འོང་།

  • ཁྱོད་ར་གིས་ རྩིས་ཁྲ་གསར་བཟོ་འབད་བ་ཅིན་ ཡོངས་ཐོག་རྩིས་ཁྲ་བཞག་ནིའི་དོན་ལུ།
  • ངོ་རྟགས་བདེན་དཔྱད་འབད་ནི་དང་ ཞབས་ཏོག་ལ་ལུ་ཅིག་ལུ་ འོས་འབབ་བལྟ་ནིའི་དོན་ལུ།
  • ཁྱོད་རའི་ ཞབས་ཏོག་འདི་གི་ ཉམས་མྱོང་དང་མཐུན་པར་བཟོ་ནིའི་དོན་ལུ།
  • ཁྱད་དུ་འཕགས་པའི་ནང་དོན་ མར་ཕབ་དང་ གོ་སྐབས་གཞན་ཚུ་ བྱིན་ནིའི་དོན་ལུ།
  • འགྲན་བསྡུར་ ཡང་ན་ ཡར་འཕེལ་ ཡང་ན་ ལས་རིམ་གཞན་ཚུ་ བདག་སྐྱོང་འབད་ནིའི་དོན་ལུ།
  • ཐོན་ཁུངས་གཅིག་ མཁོ་སྒྲུབ་འབད་ནི་དང་ བསྐྱེལ་ནིའི་དོན་ལུ།
  • ཁྱོད་རའི་རྩིས་ཁྲ་ནང་ཡོད་པའི་བརྡ་དོན་དང་འཁྲིལ་ཏེ་ ཁྱོད་ར་ལུ་སྤྲོ་བ་བྱུང་སྲིད་པའི་བརྡ་དོན་རེ་ གཏང་ནིའི་དོན་ལུ།
  • ཐོན་ཁུངས་གསརཔ་ཅིག་གི་སྐོར་ལས་ ཁྱོད་ལས་ བསམ་ལན་ལེན་ནིའི་དོན་ལུ།
  • ཁྱོད་ཀྱི་དྲི་བ་ཚུ་ལུ་ ངོས་ལེན་འབད་ནི་དང་ སྤྱོད་མིའི་ཞབས་ཏོག་བྱིན་ནིའི་དོན་ལུ།
  • ཞིབ་འཚོལ་དང་ གསར་བཏོད་ཀྱི་དོན་ལུ།
  • ཀོ་ཀ་ཀོ་ལ་(Coca‑Cola)གིས་ སྦྱིན་བདག་འཐོན་ཡོདཔ་ ཡང་ན་ འགོ་འདྲེན་འཐབ་ཡོད་པའི་ མི་ངོམ་ངོ་རྐྱང་གི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ།

སྤྱོད་མིས་བཟོ་བའི་ནང་དོན།(UGC)

ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཁྱོད་ཀྱིས་ ཞབས་ཏོག་གི་ཐོག་ལས་ སྤྲོད་ནི་ཨིན་པའི་ གསལ་བསྒྲགས། བསམ་བཀོད། བསམ་འཆར། སྒྲ་བཟུང་། པར་དང་ གློག་བརྙན་ཚུ་ བསྡུ་ལེན་འབདཝ་ཨིན།

  • ཡོངས་ཐོག་མི་སྡེ་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ།
  • ཁྱོད་ཀྱི་ བསམ་བཀོད་དང་ བསམ་འཆར་ཚུ་ ཐོ་བཀོད་འབད་དེ་ ངོས་ལེན་འབད་ནིའི་དོན་ལུ།
  • ཁྱོད་ཀྱིས་ཡར་འཕེལ་ནང་ལུ་ ཡུ་ཇི་སི་(UGC) རྩིས་སྤྲོད་འབད་དེ་ བཅའ་མར་གཏོགས་ཏེ་ བདག་སྐྱོང་འབད་ནིའི་དོན་ལུ།
  • དམིགས་བསལ་དུ་ ཡར་འཕེལ་ཡང་ན་ཞབས་ཏོག་གཞན་ཚུ་ དཔེ་འབད་བ་ཅིན་ ཀོ་ཀ་ཀོ་ལའི་(Coca‑Cola’s) བསིལ་འཕྲུལ་བཟུམ།

ཁྱོད་ཀྱིས་ ཁྱབ་སྤེལ་གཏང་ནི་ཨིན་པའི་ པར། སྒྲ་བཟུང་དང་ གློག་བརྙན་ཚུ་ ཁྲིམས་ལུགས་ལ་ལུ་ཅིག་ནང་ ཕྱི་གཟུགས་གནས་སྡུད་སྦེ་ཡང་འོང་། ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཁྱོད་རའི་གནང་བ་དང་འཁྲིལ་ཏེ་རྐྱངམ་ཅིག་ ཕྱི་གཟུགས་གནས་སྡུད་བསྡུ་ལེན་འབདཝ་ཨིན།

མི་སྡེ་བརྡ་བརྒྱུད་ནང་ལུ་ རྩིས་ཁྲ་དང་འབྲེལ་བ་ཡོད་པའི་བརྡ་དོན།

ཁྱོད་ཀྱིས་ ཁྱོད་རའི་མི་སྡེ་བརྡ་བརྒྱུད་ཀྱི་རྩིས་ཁྲ་ དེ་ཡང་ ཕེསི་བུཀ་(Facebook) དང་ ཀྲུ་ཝི་ཀྲར་(Twitter) ཚུ་གི་ཐོག་ལས་ ཞབས་ཏོག་ཚུ་དང་འབྲེལ་བ་ ཡང་ན་ ནང་འཛུལ་འབདཝ་ད་ ང་བཅས་ཀྱིས་ མི་སྡེ་བརྡ་བརྒྱུད་དེ་ཚུ་ནང་བྱིན་པའི་བརྡ་དོན། དེ་ཡང་ ཁྱོད་རའི་ཟུར་གདོང་གི་པར་ གློག་འཕྲིན་ཁ་བྱང་ དགའ་རྟགས་དང་ སྤྲོ་བ་ དེ་ལས་ ཆ་རོགས་དང་ དགའ་མིའི་ཐོ་ལ་སོགས་པ་ཚུ་ རྐྱངམ་ཅིག་ བསྡུ་ལེན་འབདཝ་ཨིན།

  • ཞབས་ཏོག་དེ་ནང་གི་ ཁྱོད་རའི་ཉམས་མྱོང་ཚུ་ སྒེར་དོན་སྦེ་བཞག་ནིའི་དོན་ལུ།
  • མི་སྡེ་བརྡ་བརྒྱུད་ནང་ལུ་བཀོད་ཡོད་པའི་ ཁྱོད་ཀྱི་བསམ་བཀོད་དང་ དོགས་པ་ཚུ་ལུ་ ངོས་ལན་འབད་ནི་དང་ སྤྱོད་མི་ཚུ་གིས་ ཀོ་ཀ་ཀོ་ལ་(Coca‑Cola) ལུ་ ག་དེ་སྦེ་མནོ་དོ་ག་ཚུ་ བརྡ་སྤྲོད་ཚུ་(དེ་ཡང་ ཀྲུ་ཝི་ཀྲར་(Twitter) གི་ཡིག་འཕྲིན་དང་ གསལ་བསྒྲགས་སོགས་) དབྱེ་བ་དཔྱད་ནིའི་དོན་ལུ།

(ག་དེམ་ཅིག་སྦེ་ ཤུལ་ལས་ ཁྱོད་ཀྱིས་ ཁྱོད་རའི་བརྡ་དོན་ཚུ་ ཁྱོད་རའི་མི་སྡེ་བརྡ་བརྒྱུད་ཀྱི་རྩིས་ཁྲ་ནང་ལས་ ང་བཅས་ལུ་མི་བྱིན་ཟེར་མནོ་བ་ཅིན་ ཁྱོད་རའི་མི་སྡེ་བརྡ་བརྒྱུད་ཀྱི་རྩིས་ཁྲའི་སྒེར་དབང་རིམ་ལུགས་ནང་ལས་ སྙོམ་སྒྲིག་འབད་བཏུབ།)

ཆགས་གནས་ཀྱི་གནས་སྡུད།

ང་བཅས་ཀྱིས་ ཁྱོད་ཀྱི་ཆགས་གནས་ཀྱི་གནས་སྡུད་(ཇི་པི་ཨེསི་(GPS) ཟེར་མི་འདི་) ཚུ་ གློག་རིག་རིམ་ལུགས་ཚུ་གི་གནང་བའི་ཐོག་ལས་ སྟོན་ཚུགསཔ་སྦེ་ ཁྱོད་རའི་བརྒྱུད་འཕྲིན་རིམ་ལུགས་ནང་ལས་བཟོ་ཡོད་པ་ཅིན་རྐྱངམ་ཅིག་ བསྡུ་ལེན་འབད་ནི་དང་ དེ་མེན་ ཁྱོད་ར་ལས་གནང་བ་ལེན་ཐོག་ལས་ འབདཝ་ཨིན།

ཁྱོད་ཀྱིས་ ཞབས་ཏོག་འདི་ ལག་ལེན་འཐབ་པའི་སྐབས་ ཨའི་པི་(IP)ཁ་བྱང་ ཡང་ན་ ཝའི་ཕའི་(WiFi) དང་བརྒྱུད་འབྲེལ་འབད་ཡོདཔ། བུ་ལུ་ཏུཏ་(Bluetooth) ཡང་ན་ གློག་ཐག་མེད་པའི་བརྒྱུད་ལམ་གྱི་ཞབས་ཏོག་ཚུ་ རང་བཞིན་གྱིས་བསྡུ་ལེན་འབདཝ་ཨིན།

ང་བཅས་ཀྱིས་ ཆགས་གནས་ཀྱི་གནས་སྡུད་ བསྡུ་ལེན་འབད་མི་འདི་ཡང་:

ཁྱོད་རའི་ ཞབས་ཏོག་འདི་གི་ ཉམས་མྱོང་དང་མཐུན་པར་བཟོ་ནིའི་དོན་ལུ།

ཁྱོད་ཀྱི་ཉེ་འདབས་ལས་ཕར་ཡོད་པའི་ ཐོན་ཁུངས། ཡར་འཕེལ། ཡང་ན་ ལས་རིམ་སྣ་ཚོགས་ཚུ་ ཤེས་བཅུག་ནིའི་དོན་ལུ་ ཡང་ན་ སྤྱོད་མི་གཞན་ཚུ་གིས་ ཁྱོད་ཀྱི་ཆགས་གནས་ལྟ་ནིའི་དོན་ལུ།

ས་ཆགས་དང་འབྲེལ་བའི་ཚོང་བསྒྲགས་གཏང་ནིའི་དོན་ལུ།

ཞབས་ཏོག་ཚུ་གི་ཐོག་ལས་ རང་རྐྱང་བརྡ་དོན་གཞན་སྤེལ་ཡོདཔ།

ང་བཅས་ཀྱིས་ བསྡུ་ལེན་འབད་མི་དེ་ཡང་

  • ང་བཅས་ཀྱི་ ཡོངས་ཐོག་མི་སྡེ་ཚུ་ བདག་སྐྱོང་འབད་ནིའི་དོན་ལུ།
  • ཡར་འཕེལ་དང་ ཁྱོད་ཀྱི་རང་རྐྱང་བརྡ་དོན་སྤེལ་ནིའི་ཞབས་ཏོག་ཚུ་གི་ཁྱད་ཆོས་ཚུ་ འཛིན་སྐྱོང་འབད་ནིའི་དོན་ལུ།

བི་(b). ང་བཅས་ཀྱི་ རིམ་ལུགས་ལག་ལེན་གྱི་བརྡ་དོན།

ང་བཅས་ཀྱི་ གློག་རིག་རིམ་ལུགས་ཕབ་ལེན་འབད་དེ་ བཙུགས་པའི་སྐབས་ལུ་ ང་བཅས་ཀྱིས་ བསྡུ་ལེན་འབད་བའི་བརྡ་དོན་ཚུ་ ཁྱོད་ཀྱི་བརྒྱུད་འཕྲིན་ལག་ལེན་རིམ་ལུགས་དང་ གནང་བ་དང་འཁྲིལ་འོང་། ང་བཅས་ཀྱི་ གློག་རིག་རིམ་ལུགས་ལག་ལེན་འཐབ་ནིའི་དོན་ལུ་ ཁྱོད་ཀྱི་བརྒྱུད་འཕྲིན་ནང་གི་ ཁྱད་ཆོས་ལ་ལུ་ཅིག་དང་ གནས་སྡུད་ཚུ་ ལག་ལེན་འཐབ་དགོཔ་ཡོད། དཔེ་འབད་བ་ཅིན་ ག་དེམ་ཅིག་སྦེ་ གློག་རིག་རིམ་ལུགས་ཡོངས་ཐོག་ཅིག་དགོ་པ་ཅིན་ ཁྱོད་ཀྱི་ཡོངས་འབྲེལ་ཁ་བྱང་དང་འབྲེལ་མཐུད་འབད་དེ་ བསྡུ་ལེན་འབད་འོང་།

གློག་རིག་རིམ་ལུགས་འདི་གིས་བསྡུ་ལེན་འབད་ཡོད་པའི་ དམིགས་བསལ་བརྡ་དོན་ཅིག་གི་སྐོར་ལས་ མངམ་ཤེས་ནིའི་དོན་ལུ་ ཁྱོད་རའི་འཕྲུལ་ཆས་ཀྱི་བཟོ་བཀོད་ཞིབ་དཔྱད་འབད་ནི། ཡང་ན་ ཁྱོད་ཀྱིས་ཕབ་ལེན་འབད་ཡོད་པའི་རིམ་ལུགས་ (དཔེ་འབདན་ གོ་གཱལ་པེ་ལེ་(Google Play)དང་ ཨེཔ་ཨིསི་ཀྲོར་(App Store)) ཚུ་ གནང་བའི་བརྡ་དོན་ཚུ་ བསྐྱར་ཞིབ་འབད་ནིའི་དོན་ལུ། གློག་རིག་རིམ་ལུགས་ ལ་ལུ་ཅིག་གིས་ གནས་སྡུད་བསྡུ་ལེན་འབད་ཡོད་མི་ཚུ་ ཞིབ་དཔྱད་ ཡང་ན་ བསྒྱུར་བཅོས་འབད་ནིའི་གནང་བ་བྱིནམ་ཨིན། ག་དེམ་ཅིག་སྦེ་ ཁྱོད་ཀྱིས་ བཟོ་བཀོད་བསྒྱུར་བཅོས་འབད་བ་ཅིན་ རིམ་ལུགས་ལ་ལུ་ཅིག་གི་ཁྱད་ཆོས་ཚུ་ ལག་ལེན་འཐབ་མི་བཏུབ།

རིམ་ལུགས་ཅིག་གི་ཐོག་ལས་ བརྡ་དོན་བསྡུ་ལེན་འབད་ནི་ལས་ བཀག་དགོ་པ་ཅིན་ གློག་རིག་རིམ་ལུགས་འདི་ ཕྱིར་བཏོན་འབད།

སི་(c.) ཞབས་ཏོག་ལག་ལེན་འཐབ་པའི་སྐབས་ བརྡ་དོན་ཚུ་ རང་བཞིན་གྱིས་ བསྡུ་ལེན་འབདཝ་ཨིན།

ང་བཅས་ཀྱིས་ སྤྱོད་མིའི་གློག་རིག་དང་ བརྒྱུད་འཕྲིན་ཚུ་ནང་ལས་ བརྡ་དོན་ལ་ལུ་ཅིག་དང་ ཞབས་ཏོག་ལག་ལེན་ཚུ་ བསྡུ་ལེན་འབདཝ་ཨིན། རང་བཞིན་གྱིས་ བསྡུ་ལེན་འབད་ཡོད་པའི་བརྡ་དོན་ལ་ལུ་ཅིག་ ཁྲིམས་ལུགས་ལ་ལུ་ཅིག་ནང་ རང་རྐྱང་བརྡ་དོན་འབད་རྩིསཝ་ཨིན། འ་ནཱི་ བརྡ་དོན་ཚུ་ ཀུ་ཀིསི་(cookies) པར་ཚག་ ཡོངས་འབྲེལ་བརྡ་མེ་དང་ དེ་དང་ཆ་འདྲ་བའི་གནས་སྡུད་བསྡུ་ལེན་འཕྲུལ་རིག་(གཅིག་རུབ་ཀྱིས་ གནས་སྡུད་བསྡུ་ལེན་འཕྲུལ་རིག་)ཚུ་ ལག་ལེན་འཐབ་སྟེ་ རང་བཞིན་གྱིས་ བསྡུ་ལེན་འབད་འབདཝ་ཨིན།

ང་བཅས་ཀྱིས་ རང་བཞིན་གྱིས་བསྡུ་ལེན་འབད་བའི་བརྡ་དོན་ཚུ་ཡང་:

  • ཁྱོད་ཀྱི་གློག་རིག་ ཡང་ན་ བརྒྱུད་འཕྲིན་དང་འབྲེལ་བའི་བརྡ་དོན་ དེ་ཡང་ དངོས་ཆས་ཀྱི་དབྱེ་བ་དང་ ངོས་འཛིན་ཨང་ འཚོལ་རིམ་དབྱེ་བ་ གློག་རིག་ཡོངས་འབྲེལ་ཞབས་ཏོག་བྱིན་མི་ བརྒྱུད་འཕྲིན་གྱི་བརྒྱུད་ལམ་དང་ལག་ལེན་རིམ་ལུགས་ཚུ་ཨིན།
  • ཨའི་པི་(IP)ཁ་བྱང་དང་ ས་ཆའི་ཆགས་གནས།(དཔེ་འབདན་ རྒྱལ་ཁབ་ ཡང་ན་ ཁྲོམ་ཚད་ཆགས་གནས།)
  • གློག་རིག་ ཡང་ན་ བརྒྱུད་འཕྲིན་དངོས་ཆས་འདི་གིས་ ཞབས་ཏོག་ཚུ་དང་འབྲེལ་བ་ག་དེ་སྦེ་འཐབ་ཨིན་ན་ དེ་ཡང་ ཞབས་ཏོག་ཚུ་གི་གོ་སྐབས་ཚུའི་ ཚེས་གྲངས་དང་ དུས་ཚོད་ འཚོལ་བའི་དྲན་གསོ་དང་ གྲུབ་འབྲས་ ལག་རྟ་ཨེབ་ཚད་དང་ འགྲུལ་སྐྱོད་ཡོངས་འབྲེལ་གོ་སྐབས་ འབྲེལ་མཐུད་ལུ་ཨེབ་ཚད་དང་ གློག་བརྙན་ག་དེམ་ཅིག་ལྟ་ཡོདཔ་ཚུ་ཨིན།
  • འགྲོ་འགྲུལ་དང་ ལག་ལེན་གྱི་ཚད།
  • རྩ་ཕན་གཞན་ ཡང་ན་ ཞབས་ཏོག་ཚུ་དང་འབྲེལ་བ་མ་འཐབ་པའི་ཧེ་མའི་བརྡ་དོན་གྱི་སྐོར་ལས་ དེ་ཡང་ ཁྱབ་བསྒྲགས་དེ་ སྤྱོད་མི་ཚུ་དང་འབྲེལ་བ་མངམ་ཡོདཔ་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན།
  • ཚོང་འབྲེལ་བརྒྱུད་འབྲེལ་ དེ་ཡང་ ཀོ་ཀ་ཀོ་ལ་(Coca‑Cola)ཡོངས་འབྲེལ་སྒོ་ཕྱེ་བའི་སྐབས་ འབྲེལ་བ་འཐབ་ནི་ཚུ་ཨིན།

དྲི་(d.) རྩ་ཕན་གཞན་ལས་ བསྡུ་ལེན་འབད་ཡོད་པའི་བརྡ་དོན།

ང་བཅས་ལུ་ དུས་དང་འཁྲིལ་ཏེ་ ང་བཅས་རའི་སྤྱོད་མི་ཚུ་གི་སྐོར་ལས་ཤེས་ཐབས་དང་ རང་ཉིད་ཉམས་མྱོང་དང་ཞབས་ཏོག་ཡར་དྲག་གཏང་ཐབས་ལུ་ རྩ་ཕན་གཞན་ཚུ་ལས་ རང་རྐྱང་བརྡ་དོན་ཚུ་ལྷོད་ནི་ཡོད།

ང་བཅས་ཀྱིས་ རྩ་ཕན་གཞན་ཚུ་ལས་འཐོབ་ཡོད་པའི་ རང་རྐྱང་བརྡ་དོན་གྱི་དབྱེ་བ་ཚུ་ཡང་:

  • མཁོ་སྒྲུབ་དང་འབྲེལ་བའི་རང་རྐྱང་བརྡ་དོན། མཁོ་སྒྲུབ་དངུལ་སྤྲོད་ཤོག་བྱང་ཚུ་ རྩ་ཕན་གཞན་གྱི་དངུལ་སྤྲོད་འབད་མི་ཚུ་གིས་ འབད་ཡོདཔ། ཀོ་ཀ་ཀོ་ལ་(Coca‑Cola)ལུ་ དངུལ་ཁང་གི་རྩིས་ཁྲ་ཨང་ དངུལ་འཛིན་ཤོག་བྱང་ཨང་ ཡང་ན་ དངུལ་བཏོན་ཤོག་བྱང་ཨང་ཚུ་ ཐོབ་ལམ་མེད།
  •  ཚོང་འབྲེལ་ཐོག་ལས་ ཚོང་འབྲེལ་ཞབས་ཏོག་ཚོང་རོགས་ ཡང་ན་ ཚོང་འབྲེལ་མཉམ་རོགས་ཚུ་གིས་ ཀོ་ཀ་ཀོ་ལ་(Coca‑Cola) གི་སྐོར་ལས་ ཤེས་འདོད་ཡོད་མི་ཚུ་ལུ་ གོ་བརྡའི་ལས་རིམ་ཚུ་གི་ཐོག་ལས་ བསྡུ་ལེན་འབད་དེ་ཡོད་མི་ རང་རྐྱང་བརྡ་དོན་ཚུ། འ་ནཱི་ རང་རྐྱང་བརྡ་དོན་འདི་ནང་ ང་བཅས་ཀྱི་ རྫུས་མིང་ཐོག་གི་གནས་སྡུད་ཆ་ཚང་དང་ རྩ་ཕན་གཞན་གྱི་རྫུས་མིང་ཐོག་གི་གནས་སྡུད་ཆ་ཚང་ཚུ་ ཚུད་དེ་ཡོད།(འོག་གི་ སྡེ་ཚན་༤ པ་ནང་ལུ་ ལྟ།)
  • ང་བཅས་ལུ་ ཕན་ཐོགས་པའི་ ཚོང་བསྒྲགས་དང་འབྲེལ་བ་མངམ་ཡོད་པའི་ ཚོང་བསྒྲགས་མཉམ་རོགས་རྩ་ཕན་གཞན་ཚུ་ལས་ འཐོབ་སྟེ་ཡོད་པའི་ རང་རྐྱང་བརྡ་དོན།
  • དམ་སྦྱིས་ཚོང་རོགས་ཚུ་གིས་ ཀོ་ཀ་ཀོ་ལ་(Coca‑Cola)ལུ་ སྤེལ་ཡོད་པའི་ རང་རྐྱང་བརྡ་དོན།
  • ཁྱབ་ཆེཝ་སྦེ་ཡོད་པའི་ཐོན་ཁུངས་ཚུ་ལས་འཐོབ་པའི་ རང་རྐྱང་བརྡ་དོན།
  • ཁྲིམས་ལག་ལེན་པ་དང་ གཞུང་གི་དབང་འཛིན་ཚུ་ལས་འཐོབ་ཡོད་པའི་ རང་རྐྱང་བརྡ་དོན།(འབྱུང་ནི་ཉུང་དྲགས་ཡོད་མི་རྐྱངམ་ཅིག་ལུ་)

ང་བཅས་ཀྱིས་ ཁྱོད་ཀྱི་བརྡ་དོན་ ཀོ་ཀ་ཀོ་ལ་(Coca‑Cola)ལུ་ཡོད་མི་ ཡང་ན་ རྩ་ཕན་གཞན་གྱི་གནས་སྡུད་ཐོན་ཁུངས་ཚུ་ནང་ཡོད་མི་ཚུ་ མཉམ་འདེབ་འབད་འོང་། ང་བཅས་ལུ་ངོས་ལེན་འབད་དགོཔ་འདི་ར་ རྩ་ཕན་གཞན་གྱི་གནས་སྡུད་བྱིན་མི་ རེ་རེ་བཞིན་དུ་གིས་ ཀོ་ཀ་ཀོ་ལ་(Coca‑Cola)ལུ་ རང་རྐྱང་བརྡ་དོན་བྱིན་མི་འདི་ སྤྱོད་མི་ཚུ་ལུ་ དྭངས་གསལ་ཨིནམ་ད་ དེ་མེན་ ཁྲིམས་མཐུན་ཨིན་ཟེར་བའི་ གཏན་འཁེལ་བཟོ་དགོ།

ཨི་(e.) ཁྱོད་རའི་གནང་བ་དང་བསྟུན་ བསྡུ་ལེན་འབད་ཡོད་པའི་བརྡ་དོན་གཞན།

ང་བཅས་ཀྱིས་ ཁྱོད་ར་ ལས་སྣ་གསརཔ་ནང་བཅའ་མར་གཏོགས་ནིའི་དོན་ལུ་ ཡང་ན་ ཁྱད་ཆོས་གསརཔ་ཚུ་ མོ་བཏབ་འབད་ནིའི་དོན་ལུ་ ཁྱོད་ལུ་ དམིགས་བསལ་གྱི་རང་རྐྱང་བརྡ་དོན་གྱི་དབྱེ་བ་ཅིག་བསྡུ་ལེན་འབད་བཅུག་འོང་། སྒེར་དབང་ཁྲིམས་ལུགས་ལ་ལུ་ཅིག་ནང་ རང་རྐྱང་བརྡ་དོན་ཚུ་ མ་བསྡུ་བའི་ཧེ་མ་དང་ ལག་ལེན་མ་འཐབ་པའི་ཧེ་མ་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ ངོས་ལེན་གྱི་གནང་བ་ལེན་དགོཔ་སྦེ་ཡོད། ཁ་གསལ་གྱི་དོན་ལུ་ སྡེ་ཚན་ ༩ པ་ནང་ལུ་ ལྟ།

༤། ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་དེ་སྦེ་ ལག་ལེན་འཐབ་སྨོ?

ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཞབས་ཏོག་ཡར་དྲགས་གཏང་ནི་ ཚོང་འབྲེལ་འཛིན་སྐྱོང་འབད་ནི་ སྤྱོད་མི་བདག་འཛིན་འབད་ནི་དང་ ཁྲིམས་མཐུན་དབང་ཆ་ལག་ལེན་འཐབ་ནིའི་དོན་ལུ་ རང་རྐྱང་བརྡ་དོན་ལག་ལེན་འཐབ་ཨིན།

ང་བཅས་ཀྱིས་ རང་རྐྱང་བརྡ་དོན་ཚུ་ ཞབས་ཏོག་བྱིན་ནི་ སྒེར་དོན་བཟོ་ནི་དང་ ཡར་དྲགས་གཏང་ནིའི་དོན་ལུ་(རེ་རེ་བཞིན་དུ་ ཁྲིམས་མཐུན་ཐོག་) ལག་ལེན་འཐབ་མི་ཚུ་ཡང་:

  • སྤྱོད་མིའི་རྩིས་ཁྲ་བཟོ་ནི་དང་ དུས་མཐུན་འབད་དེ་ སྤྱོད་མིའི་རེ་འདོད་འགྲུབ་ནི།
  • སྤྱོད་མིའི་རང་རྐྱང་བརྡ་དོན་ཚུ་ གནས་སྡུད་གཞི་བཞག་ཐོག་ ང་བཅས་ཀྱི་ངོ་ཚབ་སྦེ་ རྩ་ཕན་གཞན་གྱིས་ འཛིན་སྐྱོང་འབད་ནི་དང་ རྩ་ཕན་གཞན་ལས་བསྡུ་ལེན་འབད་ཡོད་པའི་བརྡ་དོན་ཚུ་ ཁ་སྐོང་བཀལ་ནི།
  • ཚོང་འབྲེལ་དང་ ཚོང་འབྲེལ་མེན་པའི་བརྒྱུད་འབྲེལ་ཚུ་ སྤྱོད་མི་ཚུ་ལུ་ གཏང་ནི།
  • སྤྱོད་མི་ཚུ་གི་བར་ན་ བརྒྱུད་འབྲེལ་ཡོདཔ་བཟོ་ནི་ ཡོངས་འབྲེལ་ཐོག་གྱི་མི་སྡེ་བཟུམ།
  • དམིགས་གཏད་བསྐྱེད་པའི་ཚོང་བསྒྲགས་(འཕྲལ་འཕྲལ་ སྤྲོ་བ་གཞི་བཞག་གི་ཚོང་བསྒྲགས་ཟེར་ཡང་སླབ་ཨིན་) ཀྱི་དོན་ལུ། དེ་ཡང་ ཡོངས་ཐོག་ལས་སྣ་ཚུ་ལས་ སྤྱོད་མི་ཚུ་གི་བརྡ་དོན་འཐོབ་ཡོད་མི་ དེ་ཡང་ ང་བཅས་ཀྱི་ ཚོང་བསྒྲགས་ཀྱི་ཚོང་རོགས་ ཡང་ན་ ས་ཆའི་ཆགས་གནས་ལུ་གཞི་བཞག་པའི་ཀུ་ཀིསི་(cookies)ཚུ་ཡོད་པའི་ ཡོངས་འབྲེལ་འཆར་སྒོ་ནང་ལས།
  • ང་བཅས་རའི་སྤྱོད་མིའི་སྐོར་ལས་ མངམ་ཤེས་ཐབས་ལུ། དེ་ལས་བརྟེན་ཏེ་ ང་བཅས་ཀྱིས་ སྤྱོད་མི་ཚུ་ལུ་ ཁོང་རའི་སྤྲོ་བ་དང་བསྟུན་པའི་ནང་དོན་རེ་ ངོ་སྦྱོར་འབད་ཚུགས་ནིའི་དོན་ལུ།
    • དམིགས་བསལ་དུ་ ང་བཅས་ཀྱིས་ གནས་སྡུད་གཙང་བའི་ཁང་མིག་ཟེར་མི་ནང་ལུ་བཅའ་མར་གཏོགས་ཏེ་ ང་བཅས་རའི་སྤྱོད་མི་ཚུ་གི་སྐོར་ལས་ མངམ་ཤེས་ཚུགསཔ་ཨིན། གནས་སྡུད་གཙང་བའི་ཁང་མིག་ཐོག་ བཅའ་མར་གཏོགས་ཡོད་པའི་ རྩ་ཕན་གཞན་གྱིས་བྱིན་པའི་གནས་སྡུད་ཚུ་ལས་ དོགས་གསལ་དང་ གྲུབ་འབྲས་ཚུ་བཏོནམ་ཨིན། གནས་སྡུད་གཙང་བའི་ཁང་མིག་ནང་ལུ་ ལག་ལེན་འཐབ་པའི་གནས་སྡུད་ཚུ་ ཚོང་འབྲེལ་གཞན་དང་ བཅའ་མར་གཏོགས་མི་ཚུ་གིས་ཡང་ སྤེལཝ་ཨིན། དེ་འབདཝ་ད་ རང་རྐྱང་བརྡ་དོན་ཚུ་ ཐད་ཀར་མ་བཏོན་པར་ ངོས་འཛིན་གཅིག་བཟོ་བཞིནམ་ལས་ རྩ་ཕན་གཞན་གྱི་གནས་སྡུད་ཆ་ཚང་དང་ ཀོ་ཀ་ཀོ་ལ་(Coca‑Cola)གི་རྫུས་མིང་རང་རྐྱང་བརྡ་དོན་ཚུ་ ལག་ལེན་འཐབ་ཨིན། རང་རྐྱང་བརྡ་དོན་ལག་ལེན་འཐབ་སྟེ་ རྫུས་མིང་གནས་སྡུད་བཟོ་བའི་སྐབས་ལུ་ གནས་སྡུད་ཆ་ཚང་ཅིག་ ཧེ་མ་ལས་ར་དགོཔ་ཨིན།  མཐུན་སྒྲིག་བྱ་རིམ་འདི་གིས་ཤུལ་མ་ ང་བཅས་ཀྱི་འབྲེལ་ཚོགས་སྐོར་ལས་ བརྡ་དོན་འཐོབ་ནི་ཡོད། དེ་གིས་ ང་བཅས་ཀྱིས་ཁྱོད་ལུ་ གནང་བ་མ་བྱིན་ཚུན་ ཡང་ན་ གནང་བའི་ངོས་ལེན་སོ་སོ་ཅིག་མ་འཐོབ་ཚུན་ཚོད་ མི་ངོམ་རང་རྐྱང་གི་གནས་སྡུད་ཆ་ཚང་ཚུ་ ལག་ལེན་འཐབ་མི་བཅུག གནས་སྡུད་གཙང་བའི་ཁང་མིག་ནང་ལུ་ གནས་སྡུད་སྤེལ་མི་འདི་ཡང་ འབྲེལ་ཚོགས་ངོས་འཛིན་འབད་ནི་ འབྲེལ་ཚོགས་རྒྱ་སྐྱེད་གཏང་ནི་ འབྲེལ་ཚོགས་དམིགས་གཏད་བསྐྱེད་ནི་དང་ འབྲེལ་ཚོགས་མིག་དཔེ་བཟོ་ནིའི་དོན་ལུ་ཨིན།
  • ཡར་འཕེལ་དང་ དམ་ཚིག་གི་ ལས་རིམ་བདག་སྐྱོང་།
  • ཚོང་མགྲོན་ཞབས་ཏོག་གི་དོན་ལུ།
  • དངུལ་སྤྲོད་ཕན་གྲོགས་ཀྱི་དོན་ལུ།
  • སྤྱོད་མི་ཚུ་གིས་ ཞབས་ཏོག་ཚུ་དང་ ལས་སྣ་ཚུ་དང་ འབྲེལ་བ་ག་དེ་སྦེ་ཡོད་ག་ དབྱེ་དཔྱད་འབད་དེ་ ང་བཅས་ཀྱི་ ཚོང་མགྲོན་པའི་རེ་འདོད་གྲུབ་ནིའི་དོན་ལུ་ ཁྱད་ཆོས་དང་ ནང་དོན་གསརཔ་བཟོ་ནི།
  • ཞབས་ཏོག་ཚུ་དང་ སྤྱོད་མིའི་ཉམས་མྱོང་ཡར་དྲགས་གཏང་ནི།
  • གནས་སྡུད་དབྱེ་དཔྱད་ ཞིབ་འཚོལ་ ཐོན་སྐྱེད་ཡར་རྒྱས་དང་ སྤྱོད་མི་ཚུ་ ཧ་གོ་སྟེ་ ཁོང་ལུ་ གསར་གཏོད་བྱིན་ནིའི་དོན་ལུ་ འཕྲུལ་རིག་ལྷབ་སྦྱང་འབད་ནིའི་དོན་ལུ།
  • ལག་ལེན་གྱི་སྐབས་ཀྱི་གདོང་ལེན་ཚུ་རྩིས་ཏེ་ ཞབས་ཏོག་ཚུ་ ལྟ་རྟོག་དང་ བརྟག་ཞིབ་འབད་ནིའི་དོན་ལུ།
  • སྒེར་དབང་སྲིད་བྱུས་འདི་དང་འབྲེལ་བ་མེདཔ་ དེ་འབདཝ་ད་ ཀོ་ཀ་ཀོ་ལ་(Coca‑Cola)གི་ ཐོན་སྐྱེད་དང་ ཞབས་ཏོག་ དེ་ལས་ དེ་དང་ འདྲ་བའི་ཚོང་འབྲེལ་ཚུ་གི་དོན་ལུ་ གསང་བའི་གནས་སྡུད་བཟོ་ནི། དེ་མེན་ གནས་སྐབས་དང་ ཁྲིམས་ཀྱི་གནང་བ་དང་འཁྲིལ་ནི།
  • རྫུན་མ་ དམའ་ཕབ་དང་ གནང་བ་མེད་པའི་ཞབས་ཏོག་སྤྱོད་མི་ཚུ་ བདའ་འཛིན་ནི་དང་ སྲུང་སྐྱོབ་འབད་ནི།
  • ཉེན་ཁག་འཛིན་སྐྱོང་དང་ བདག་སྐྱོང་ལས་སྣའི་དོན་ལུ་ ལྟ་རྟོག་དང་ སྤྱོད་མིའི་གན་ཡིག་དང་འཁྲིལ་ཏེ་ ལག་ལེན་འཐབ་ནིའི་དོན་ལུ། དེ་མེན་ ཀོ་ཀ་ཀོ་ལ་(Coca‑Cola)ལུ་འགྱོ་བཏུབ་པའི་ ཁྲིམས་ལུགས་དང་འཁྲིལ་ནི།

༥། ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཀུ་ཀིསི་(cookies)དང་ གནས་སྡུད་བསྡུ་ལེན་གྱི་འཕྲུལ་རིག་གཞན་ལག་ལེན་འཐབ་མས་ག?

ང་བཅས་ཀྱིས་ ཁྱོད་དང་/ཡང་ན་ ཁྱོད་ཀྱིས་ཞབས་ཏོག་སྤྱོད་པའི་སྐབས་ལག་ལེན་འཐབ་པའི་དངོས་ཆས་འདི་ ངོས་འཛིན་འབད་ནིའི་དོན་ལུ་ ཀུ་ཀིསི་(cookies)དང་ གནས་སྡུད་བསྡུ་ལེན་འཕྲུལ་རིག་གཞན་ཚུ་ ལག་ལེན་འཐབ་ཨིན།

གནད་དོན་ལ་ལུ་ཅིག་ནང་ ཞབས་ཏོག་ཚུ་དང་འབྲེལ་བའི་ ཀུ་ཀིསི་(cookies) དང་གནས་སྡུད་བསྡུ་ལེན་འཕྲུལ་རིག་གི་སྐོར་ལས་ དྲན་བརྡ་འབད་མིའི་ གློག་རིག་ཡོངས་འབྲེལ་ཡང་ཡོདཔ་འོང་། ག་དེམ་ཅིག་སྦེ་ ཀུ་ཀིསི་(cookies)གི་སྐོར་ལས་ དྲན་བརྡ་ཡོད་པའི་ ཀོ་ཀ་ཀོ་ལ་(Coca‑Cola)གི་ཡོངས་འབྲེལ་ཅིག་ནང་འགྱོ་ལྟ་བ་ཅིན་ ཡོངས་འབྲེལ་དེ་གི་ཀུ་ཀིསི་(cookies)དྲན་བརྡ་འདི་ ལག་ལེན་འཐབ་ཨིན།

ཀུ་ཀིསི་(cookies)ཟེར་མི་འདི་ག་ཅི་སྨོ?

ཀུ་ཀིསི་(cookies)ཟེར་མི་འདི་ ཁྱོད་རའི་ཡོངས་འབྲེལ་ནང་ལུ་བཏང་གཏངམ་ ཡང་ན་ དེ་ནང་ལས་ འཐོབ་ཡོདཔ་ ཡང་ན་ གློག་རིག་གི་སྲ་མཛོད་ནང་ལུ་ཡོད་པའི་ ཡིག་སྣོད་ཆུང་ཀུ་དེ་ཚུ་ལུ་ སླབ་ཨིན། ཀུ་ཀི་(cookie)འདི་ནང་ལུ་ ཀུ་ཀི་(cookie)འདི་ག་ཏེ་ལས་འཐོན་འཐོནམ་ཨིན་ན་གི་ མངའ་ཁོངས་ཀྱི་མིང་ཅིག་(ཡོངས་འབྲེལ་གྱི་ཆགས་གནས་) ཀུ་ཀི་(cookie)གི་ཚེ་ཚད་(དེ་ཡང་ འདི་ནམ་ལས་དུས་ཚོད་རྫོགསཔ་ཨིན་ན་)དང་ ཨང་རྟགས་ཅིག་ ཡང་ན་ ངོས་འཛིན་འབད་མི་ཅིག་འོངམ་ཨིན། ཀུ་ཀི་(cookie)ནང་ལུ་ ཁྱོད་ཀྱི་གློག་རིག་ ཡང་ན་ དངོས་ཆས་ཀྱི་ རིམ་ལུགས་ ཡོངས་འབྲེལ་འཚོལ་ལམ་གྱི་འབྱུང་རབས་དང་ ཞབས་ཏོག་ལག་ལེན་འཐབ་པའི་སྐབས་ཀྱི་ ལས་སྣ་ལ་སོགས་པ་ཚུ་གི་ བརྡ་དོན་ཚུ་འོངམ་ཨིན།

ཀོ་ཀ་ཀོ་ལ་(Coca‑Cola)གིས་ པར་ཚག་(ཡོངས་འབྲེལ་བརྡ་མེ་ཟེར་ཡང་སླབ་ཨིན་)ཚུ་ཡང་ ལག་ལེན་འཐབ་ཨིན། པར་ཚག་ཟེར་མི་ཚུ་ གློག་འཕྲིན་ཁ་ཕྱེཝ་ད་དང་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་ཡོད་མེད་ཀྱི་སྐོར་ བརྡ་དོན་བསྡུ་ལེན་འབད་མིའི་ དྭངས་གསལ་ཅན་གྱི་པར་རིས་ཅིག་ཨིན།

ཀོ་ཀ་ཀོ་ལ་(Coca‑Cola)གི་ཞབས་ཏོག་ནང་ཡོད་པའི་ ཀུ་ཀིསི་(cookies)དེ་ཚུ་ལུ་ རྩ་ཕན་དང་པའི་ཀུ་ཀིསི་(cookies)ཟེར་སླབ་ཨིན། རྩ་ཕན་གཞན་གྱི་ཞབས་ཏོག་ནང་གི་ཀུ་ཀིསི་ཚུ་ རྩ་ཕན་གཞན་གྱི་ཀུ་ཀིསི་(cookies) ཟེར་སླབ་ཨིན། རྩ་ཕན་གཞན་གྱི་ཀུ་ཀིསི་(cookies)དེ་ཚུ་གིས་ རྩ་ཕན་གཞན་གྱི་ཁྱད་ཆོས་ཚུ་ ཡང་ན་ དེ་གི་ལག་ལེན་ ཡང་ན་ ཞབས་ཏོག་གི་ཐོག་ལས་ འབད་བཏུབ་བཟོཝ་ཨིན། རྩ་ཕན་གཞན་གྱི་ཀུ་ཀིསི་(cookies)ལག་ལེན་འཐབ་མི་རྩ་ཕན་ཚུ་གིས་ ཁྱོད་ཀྱི་དངོས་ཆས་འདི་ ཞབས་ཏོག་ལེན་ནིའི་དོན་ལུ་ ལག་ལེན་འཐབ་རུང་དང་ ཡོངས་འབྲེལ་འཆར་སྒོ་གཞན་ནང་ལྟ་རུང་ཡང་ ངོས་བཟུང་འབད་ཚུགས། སྤྱིར་བཏང་ ཀུ་ཀིསི་(cookies)གི་སྐོར་ལས་ མངམ་ཤེས་ཐབས་ལུ་ www.allaboutcookies.orgའདི་ནང་ལུ་ལྟ།

ཡོངས་འབྲེལ་འཚོལ་ལམ་(ས་ཕ་རི་(Safari) ཨིན་ཏར་ནེཏ་ཨེསི་པོ་ལོ་རར་(Internet Explorer) ཕ་ཡེར་ཕོསི་(Firefox) དང་ ཀོ་རོམ་(Chrome)ཚུ་)ལ་ལུ་ཅིག་ “མ་འཚོལ་” (དྲི་ཨེན་ཀྲི་(DNT)) ཡང་ན་ ཡོངས་འབྲེལ་འཆར་སྒོ་ནང་ལུ་ སྤྱོད་མི་འདི་གིས་ ཁོ་ ཡང་ན་ མོ་རའི་ཡོངས་ཐོག་ལས་སྣ་ཚུ་ འཚོལ་བ་བཏུབ་བཟོ་ནིའི་ དེ་དང་འདྲ་བའི་ཁྱད་ཆོས་ཚུ་དང་ མཉམ་འབྲེལ་འབད་དེ་ཡོད། ག་དེམ་ཅིག་སྦེ་ དྲི་ཨེན་ཀྲི་(DNT)གི་བརྡ་སྟོན་ཅིག་ལུ་ ཡོངས་འབྲེལ་འཆར་སྒོ་ཅིག་གིས་ངོས་ལེན་འབད་དེ་ དྲི་ཨེན་ཀྲི་(DNT)གི་བརྡ་སྟོན་ལྷོད་པ་ཅིན་ ཡོངས་འབྲེལ་འཚོལ་ལམ་འདི་གིས་ ཡོངས་འབྲེལ་འཆར་སྒོ་འདི་ བརྡ་དོན་ལ་ལུ་བསྡུ་ལེན་འབད་ནི་ལས་ བཀག་ཆག་འབད་བཞགཔ་ཨིན། ཡོངས་འབྲེལ་འཚོལ་ལམ་ག་ར་གིས་ དྲི་ཨེན་ཀྲི་(DNT)གི་གདམ་ཁ་བྱིན་ནི་མེདཔ་དང་ དྲི་ཨེན་ཀྲི་(DNT)གི་བརྡ་སྟོན་ཚུ་ཡང་ ཤོ་མཚུངས་མེདཔ་ཨིན། གནད་དོན་དེ་ལས་བརྟེན་ཏེ་ ཀོ་ཀ་ཀོ་ལ་(Coca‑Cola)མ་ཚད་ ཡོངས་འབྲེལ་འཆར་སྒོ་ལེ་ཤ་གིས་ར་ དྲི་ཨེན་ཀྲི་(DNT)བརྡ་སྟོན་འདི་ལུ་ ངོས་ལེན་འབད་ནི་མེད།

ཀོ་ཀ་ཀོ་ལ་(Coca‑Cola)གིས་ ག་ཅི་སྦེ་ ཀུ་ཀིསི་(cookies)དང་ གནས་སྡུད་བསྡུ་ལེན་ འཕྲུལ་ཆས་གཞན་ལག་ལེན་འཐབ་སྨོ?

ཀུ་ཀིསི་(cookies)ལ་ལུ་ཅིག་ ཞབས་ཏོག་ལག་ལེན་འཐབ་ནིའི་དོན་ལུ་ དགོཔ་ཨིན། ཀུ་ཀིསི་(cookies)གཞན་གྱིས་ དམིགས་གཏད་སྐྱེད་དེ་ཡོད་པའི་ཚོང་བསྒྲགས་ལུ་ སྤྱོད་མིའི་སྤྲོ་བ་ཡོད་མེད་འཚོལ་ནི་དང་ ཞབས་ཏོག་གི་ཉམས་མྱོང་ཡར་དྲགས་གཏངམ་ཨིན།

ཞབས་ཏོག་ནང་ལུ་ ཀུ་ཀིསི་(cookies)གི་དབྱེ་བ་ག་ཅི་བཟུམ་བྱིན་ཡོདཔ་ཨིན་ན་དང་ དེ་ཚུ་ག་ཅི་སྦེ་ ལག་ལེན་འཐབ་ཨིན་ན་ཚུ་ འོག་ལུ་བཀོད་མི་ནང་:

  • ཞབས་ཏོག་ལག་ལེན་འཐབ་ནིའི་དོན་ལུ་ དགོས་མཁོ་ཆེ་བའི་ཀུ་ཀིསི་(cookies)ཚུ་དགོཔ་ཨིན།
  • ལག་ལེན་ ཡང་ན་ དབྱེ་དཔྱད་ཀྱི་ཀུ་ཀིསི་(cookies)ཚུ་གིས་ ཞབས་ཏོག་ཚུ་ ག་དེ་སྦེ་ལག་ལེན་འཐབ་དོ་ག་གི་བརྡ་དོན་ཚུ་བསྡུ་ལེན་འབདཝ་ཨིན། དེ་གིས་ ང་བཅས་ཀྱིས་ ཞབས་ཏོག་ཚུ་ དབྱེ་བ་དཔྱད་དེ་ ཡར་དྲགས་གཏང་ཚུགས། ལག་ལེན་ ཡང་ན་ དབྱེ་དཔྱད་ཀྱི་ཀུ་ཀིསི་(cookies)ཚུ་ ཁྱོད་ཀྱིས་ ཡོངས་འབྲེལ་འཚོལ་ལམ་ སྒོ་བསྡམ་སྟེ་ བཏོན་མ་གཏང་ཚུན་ཚོད་ ཁྱོད་ཀྱི་གློག་རིག་ནང་ལུ་ར་སྡོད་འོང་།
  • ཚོང་བསྒྲགས་ཀྱི་ཀུ་ཀིསི་ཚུ་ ཚོང་བསྒྲགས་ཀྱི་ཡིག་འཕྲིན་ཚུ་ ཁྱོད་དང་འབྲེལ་བ་མངམ་ཡོདཔ་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན། དེ་གིས་ ང་བཅས་ལུ་ ཁྱོད་ཀྱི་སྤྲོ་བ་ལུ་གཞི་བཞག་སྟེ་ ཚོང་བསྒྲགས་ལོག་ཅིག་ར་མི་འཐོན་ནི་དང་ ཚོང་བསྒྲགས་འབད་མི་ཚུ་ལུ་ ལེགས་ཤོམ་སྦེ་འཐོན་ཚུགསཔ་བཟོཝ་ཨིན།
  • མི་སྡེ་བརྡ་བརྒྱུད་ཀྱི་ཀུ་ཀིསི་ཚུ་གིས་ སྤྱོད་མི་ཚུ་ མི་སྡེ་བརྡ་བརྒྱུད་ཀྱི་གཞི་སྟེགས་དང་ འབྲེལ་བ་འཇམ་ཏོང་ཏོ་སྦེ་འཐབ་ཚུགསཔ་བཟོཝ་ཨིན། ང་བཅས་ཀྱིས་ མི་སྡེ་བརྡ་བརྒྱུད་ཀྱི་ཀུ་ཀིསི་(cookies)ཚུ་ ཚད་འཛིན་འབད་ནི་མེད། དེ་མ་ཚད་ ཁོང་གིས་ ང་བཅས་ཀྱིས་ ཁྱོད་ལས་གནང་བ་མེད་པར་ ཁྱོད་ཀྱི་མི་སྡེ་བརྡ་བརྒྱུད་རྩིས་ཁྲ་ནང་འཛུལ་མི་བཅུག། ཀུ་ཀིསི་(cookies)ལག་ལེན་གྱི་སྐོར་ལས་ མི་སྡེ་བརྡ་བརྒྱུད་གཞི་སྟེགས་གི་སྒེར་དབང་སྲིད་བྱུས་ནང་ལུ་ རྒྱབ་བརྟེན་འབད་དེ་ལྟ།

གནས་སྡུད་བསྡུ་ལེན་འཕྲུལ་ཆས་འདི་གིས་ ཡོངས་འབྲེལ་འཆར་སྒོ་གཅིག་ལས་ གཞན་ལུ་ སྐྱེལ་ལེན་འབད་ཐངས་ ཀུ་ཀིསི་(cookies)བསྐྱལ་ལེན་ ཡང་ན་ འབྲེལ་བ་འཐབ་ནི་ སྤྱོད་མི་ཚུ་གིས་ ང་བཅས་ཀྱི་ཡོངས་ཐོག་ཚོང་བསྒྲགས་བཏོན་ཞིནམ་ལས་ ཞབས་ཏོག་ནང་ལུ་ འགྱོ་ག་མི་འགྱོ་ལྟ་བརྟོག་འབད་ནི་ ཞབས་ཏོག་གི་ལག་ལེན་ཡར་དྲགས་གཏང་ནི་དང་ ང་བཅས་ཀྱི་ ཡོངས་འབྲེལ་ཚོང་འབྲེལ་གོ་བརྡ་གི་གནས་ཚད་ཚུ་ ལྟ་བཅུགཔ་ཨིན། ཀོ་ཀ་ཀོ་ལའི་ ཀུ་ཀིསི་(Coca‑Cola’s Cookies)སྲིད་བྱུས་(དབང་ཚད་ཁྱབ་ཁོངས་ལ་ལུ་ཅིག་ནང་ བཙུགས་ཏེ་ཡོད་) འདི་གིས་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ གནས་སྡུད་བསྡུ་ལེན་ འཕྲུལ་ཆས་ལག་ལེན་འཐབ་པའི་སྐོར་ལས་ བཤད་པ་རྐྱབ་ཨིན།

 གོ་གཱལ་(Google)ཐོན་ཁུངས།

ཁྲིམས་ལུགས་དང་འཁྲིལ་ དམིགས་གཏད་བསྐྱེད་དེ་ཡོད་པའི་ཚོང་བསྒྲགས་གི་དོན་ལུ་ གོ་གལ་(Google)དབྱེ་དཔྱད་ཀྱིས་ ཞབས་ཏོག་ལག་ལེན་འཐབ་ཨིན།(འཕྲལ་འཕྲལ་ གོ་གལ་(Google)གྱིས་ ཚོང་འབྲེལ་ཟེར་སླབ་ཨིན།) གོ་གཱལ་(Google)གྱིས་ སྤྱོད་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ནང་ལུ་ འགྱོ་མ་འགྱོ་ལྟ་བརྟོག་གི་དོན་ལུ་ ཀུ་ཀིསི་(cookies)ལག་ལེན་འཐབ་ཨིན། གོ་གཱལ་གྱི་ཀུ་ཀིསི་(Google’s cookies)ཐོག་ལས་ གནས་སྡུད་བསྡུ་ལེན་འབད་ཡོད་མི་ཚུ་གིས་ ཞབས་ཏོག་ཚུ་ག་དེ་སྦེ་ལག་ལེན་འཐབ་ཨིན་ན་དང་ ཚོང་འབྲེལ་བརྒྱུད་འབྲེལ་སྒེར་དོན་བཟོ་ནི་དང་ ཨང་གནས་ཅན་གྱི་ཚོང་བསྒྲགས་ཚུ་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ དབྱེ་དཔྱད་འབད་ནི་ལུ་ ཆ་རོགས་འབདཝ་ཨིན།

ཞབས་ཏོག་ཚུ་ནང་ ཡུ་ཀྲུབ་(YouTube)( གོ་གཱལ་གྱི་ལས་སྡེ་གཅིག་) ནང་ལས་ གློག་བརྙན་ཚུ་ཡང་བཙུགས་ཏེ་ཡོད། དེ་ཡང་ ཡུ་ཀྲུབ་(YouTube)ཀྱི་གློག་བརྙན་གཅིག་བལྟ་ནི་སྦེ་ ཨེབ་རྟགས་གུ་ཨེབ་ད་ ཞབས་ཏོག་དང་ ཡུ་ཀྲུབ་(YouTube)བརྒྱུད་ལམ་གཉིས་བརྒྱུན་འབྲེལ་འཐབ་ཨིན། དེ་ལས་ ཡུ་ཀྲུབ་(YouTube)ལས་འཐོན་པའི་ ཨེཅ་ཀྲི་ཨེམ་ཨེལ་(HTML) གྱི་འབྲེལ་མཐུད་དེ་ འཁྲབ་སྟོན་བཟོ་ནིའི་དོན་ལུ་ ཞབས་ཏོག་གི་གསང་ལམ་ནང་ལུ་ བཙུགསཔ་ཨིན། དེ་ལས་འབདན་ ཡུ་ཀྲུབ་ནང་ལུ་ཡོད་པའི་གློག་བརྙན་ཚུ་ ཞབས་ཏོག་ནང་ལུ་ སྟོནམ་ཨིན། ཡུ་ཀྲུབ་(YouTube) ལུ་ ཁྱོད་ཀྱིས་ཞབས་ཏོག་འདི་ལོངས་སུ་སྤྱོད་པའི་བསྒང་ཡོད་ཟེར་ དྲན་བརྡ་བྱིན་མི་ནང་: ཁྱོད་ཀྱི་ཨའི་པི་(IP)ཁ་བྱང་ ཡོངས་འབྲེལ་འཚོལ་ལམ་གྱི་བརྡ་དོན་ ལག་ལེན་འཐབ་པའི་རིམ་ལུགས་དང་ ཁྱོད་ཀྱིས་ལག་ལེན་འཐབ་པའི་དངོས་ཆས་ཀྱི་རིམ་ལུགས་ ད་ལྟོ་ལྟ་བའི་བསྒང་ཡོད་པའི་ཡོངས་འབྲེལ་ ལྟ་ཚར་ཏེ་ཡོད་པའི་ཡོངས་འབྲེལ་ལ་སོགས་པ་དང་ ཁྱོད་ཀྱིས་ལྟ་སྟེ་ཡོད་པའི་གློག་བརྙན་ཚུ་ཨིན། ཁྱོད་རའི་ཡུ་ཀྲུབ་(YouTube)རྩིས་ཁྲ་ནང་ལུ་ ནང་འཛུལ་འབད་དེ་ཡོད་པ་ཅིན་ བརྡ་དོན་དེ་ཚུ་ ཁྱོད་ཀྱི་ཡུ་ཀྲུབ་(YouTube) དང་འབྲེལ་མཐུད་འབད་དེ་འོང་། འབྲེལ་མཐུད་དེ་ལས་ བཀག་ནིའི་དོན་ལུ་ ཞབས་ཏོག་དེ་ལག་ལེན་མ་འཐབ་པའི་ཧེ་མ་ ཁྱོད་རའི་ཡུ་ཀྲུབ་ནང་ལས་ ཕྱིར་བཏོན་འབད་ནི་དང་ ཀུ་ཀིསི་(cookies)ཚུ་ བཏོན་གཏང་དགོ

གོ་གཱལ་(Google)གྱིས་ ཁྱོད་ཀྱི་བརྡ་དོན་ཚུ་ ག་དེ་སྦེ་བསྡུ་ལེན་འབདཝ་ཨིན་ན་ ལག་ལེན་དང་ ཕྱིར་སྤེལ་ག་དེ་སྦེ་འབདཝ་ཨིན་ནའི་ཁ་གསལ་གྱི་དོན་ལུ་ གོ་གལ་སྒེར་དབང་སྲིད་བྱུས་ནང་ལུ་འགྱོ་སྟེ་ལྟ།

གོ་གཱལ་(Google)གྱིས་ ཚོང་བསྒྲགས་ཀྱི་དོན་ལུ་ ཀུ་ཀིསི་(cookies)ག་དེ་སྦེ་ལག་ལེན་འཐབ་ཨིན་ནའི་ཁ་གསལ་གྱི་དོན་ལུ་ ཚོང་བསྒྲགས་ ཤོག་ལེབ་དེ་ནང་ འགྱོ་སྟེ་ལྟ།

གོ་གལ་(Google)དབྱེ་དཔྱད་ཀྱིས་ ཁྱོད་ཀྱི་བརྡ་དོན་བཀག་ནིའི་དོན་ལུ་ གོ་གལ་གྱི་ ཨོཔ-ཨཱའུཏ་ཡོངས་འབྲེལ་འཚོལ་ལམ་ཨེདྲི་ཨོན་(opt-out browser add-on)དེ་ནང་ལས་ ཕབ་ལེན་འབད་དེ་ བཙུགས།

གོ་གལ་(Google)ནང་ལས་ ཁྱོད་རའི་སྤྲོ་བ་དང་མ་མཐུན་པའི་ ཚོང་བསྒྲགས་ཚུ་ ཕྱིར་བཏོན་འབད་ནིའི་དོན་ལུ་ གོ་གལ་ཚོང་བསྒྲགས་རིམ་ལུགས་ དེ་ནང་ལས་ལག་ལེན་འཐབ།

ག་དེམ་ཅི་སྦེ་ ཁྱོད་ ཨི་ཨི་ཨེ་ སུ་ཝི་ཟར་ལེནད་(EEA, Switzerland) ཡང་ན་ ཡུ་ཀེ་(UK)ལུ་གནས་ཏེ་ཡོད་པ་ཅིན་ ཀོ་ཀ་ཀོ་ལའི་(Coca‑Cola)སྒེར་དབང་གདམ་ཁའི་ལྟེ་བ་ནང་ལུ་ གོ་གཱལ་གྱི་ཀུ་ཀིསི་ལག་ལེན་འཐབ་པ་ཅིན་ ཀུ་ཀིསི་དེ་ཚུ་གིས་ ཞབས་ཏོག་ལག་ལེན་འཐབ་ཡོད་པའི་བརྡ་དོན་ཚུ་ག་ར་ ཡུ་ནའེ་ཀྲེཏ་ཨིསི་ཀྲེཏ་(United States) ལུ་ གཏངམ་ཨིནམ་སེམས་ཁར་བཞག ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཁྱོད་ཀྱི་ཨའི་པི་(IP)ཁ་བྱང་མཇུག་གི་འདི་ ཡུ་ནའེ་ཀྲེཏ་ཨིསི་ཀྲེཏ་(United States)ལུ་ གནས་སྡུད་སྤོ་སོར་མ་འབད་བའི་ཧེ་མ་ འཕྲུལ་ཆས་ཀྱི་རིགས་ གོ་གལ་གྱི་ཨའི་པི་(IP) རྫུན་མའི་མཁོ་ཆས་ལག་ལེན་འཐབ་ཨིན། དེ་མ་ཚད་ སྤྱོད་མ་བཏུབ་བཟོ་ནིའི་ གོ་གལ་གྱི་འཕྲུལ་ཆས་ལག་ལེན་འཐབ་ནི་དང་ གོ་གལ་བརྡ་རྟགས་ དེ་ལས་ ཁྲིམས་མཐུན་གྱི་དོན་ལུ་ གོ་གཱལ་དབྱེ་དཔྱད་ནང་ལུ་ སྤྱོད་མིའི་ངོས་འཛིན་ཚུ་ཡང་ ལག་ལེན་འཐབ་ཨིན། གོ་གཱལ་གྱིས་ གནས་སྡུད་གཞན་དང་ཨའི་པི་ཁ་བྱང་ ག་ཅི་བཟུམ་ར་ཨིན་རུང་ ག་དང་ཡང་ འབྲེལ་མེད་འབད་བཞག་འོང་།

ཀོ་ཀ་ཀོ་ལ་(Coca‑Cola)གི་ཚབ་མ་འབད་ གོ་གཱལ་གྱིས་ གོང་ལུ་བཤད་དེ་ཡོད་པའི་གནས་སྡུད་ཚུ་ ཀོ་ཀ་ཀོ་ལ་(Coca‑Cola)ལག་ལེན་དང་ཞབས་ཏོག་བྱིན་ནི་ནང་ལུ་ ཕན་ཐོགས་པའི་སྙན་ཞུ་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་འོང་།

 མེ་ཀྲ་(Meta)ཐོན་ཁུངས།

ཞབས་ཏོག་ལ་ལུ་ཅིག་གིས་ ཕེསི་བུཀ་(Facebook) ཨིན་ཀྲ་གརམ་(Instagram)དང་ མེ་སེན་ཇར་(Messenger)དང་ ཕེསི་བུཀ་(Facebook)རིམ་ལུགས་( མེ་ཀྲ་(Meta)ཐོན་ཁུངས་)ཚུ་གིས་སྤྲོད་པའི་ ཐོན་ཁུངས་དང་ཁྱད་ཆོས་ཚུ་ ལག་ལེན་འཐབ་ཨིན། མེ་ཀྲ་(Meta)ཐོན་ཁུངས་འདི་གིས་ ངོ་རྟགས་ པར་ཚག་(མེ་ཀྲ་(Meta)པར་ཚག་) དང་ གཞན་ འཚོལ་ལམ་གསང་བརྡ་དང་ ཞབས་ཏོག་ཚུ་ལས་ སྤྱོད་མིའི་བརྡ་དོན་(རང་རྐྱང་བརྡ་དོན་ཚུ་ཡང་) བསྡུ་ལེན་འབད་མིའི་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཨིན། ཕེསི་བུཀ་(Facebook)གིས་ སྤྱོད་མི་དང་བརྒྱུད་འབྲེལ་ཚུ་ ཕེསི་བུཀ་(Facebook)ནང་ལུ་ ཚོང་བསྒྲགས་ཨིན་རྟགས་བཀལཝ་ད་ འཚོལ་འཐོབ་ནི་ ཡང་ན་ མེ་ཀྲ་(Meta)གིས་བྱིན་ཡོད་པའི་ཞབས་ཏོག་གཞན་ (སྒྱུར་སོང་ཟེར་སླབ་མི་འདི་) དང་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ སྤྱོད་མི་ཚུ་ ཚོང་བསྒྲགས་ནང་ འབྲེལ་བ་ག་དེ་སྦེ་འདུག་ག་ཤེས་ནིའི་དོན་ལུ་དང་ བརྡ་དོན་གཞན་ཚུ་འཐོབ་ནིའི་དོན་ལུ།  མེ་ཀྲ་(Meta)ཐོན་ཁུངས་ཀྱིས་ མེ་ཀྲ་(Meta)རྐྱངམ་ཅིག་གི་དོན་ལུ་ བསྡུ་ལེན་འབད་ཡོད་པའི་གནས་སྡུད་ཚུ་ ལག་ལེན་འཐབ་ཨིན། མེ་ཀྲ་(Meta)གིས་ ཞབས་ཏོག་ཚུ་ལས་བསྡུ་ལེན་འབད་ཡོད་པའི་གནས་སྡུད་ཚུ་ ཁྱོད་ལུ་ ཁྱོད་རའི་རང་རྐྱང་བརྡ་དོན་དང་འབྲེལ་བའི་དབང་ཆ་ཉུང་སུ་ཅི་ལས་མེད་པའི་ས་གནས་ ཡུ་ཨེསི་ཨེ་དང་ རྒྱལ་ཁབ་གཞན་ནང་ལུ་ སྐྱེལ་འདྲེན་འབད་འོང་། མེ་ཀྲ་(Meta)ཐོན་ཁུངས་ཀྱིས་ རང་རྐྱང་བརྡ་དོན་ཚུ་ བསྡུ་ལེན་ ལག་ལེན་དང་བྱ་རིམ་ག་དེ་སྦེ་འབདཝ་ཨིན་ན་ཤེས་ནི་དང་ ཁྱོད་ཀྱིས་འཛིན་སྐྱོང་ག་དེ་སྦེ་འབད་ནི་ཨིན་ན་ ཡང་ན་ རང་རྐྱང་བརྡ དོན་ཚུ་ ཕྱིར་བཏོན་ག་དེ་སྦེ་འབད་ནི་ཨིན་ན་ཚུ་གི་སྐོར་ལས་ཤེས་ནིའི་དོན་ལུ་ མེ་ཀྲ་(Meta)ཐོན་ཁུངས་ཀྱི་ སྒེར་དབང་སྲིད་བྱུས་https://www.facebook.com/about/privacy ནང་ལུ་ ལྟ།

ཁྱོད་རའི་ཀུ་ཀིསི་(cookies)གདམ་ཁ།

ཁྱོད་རའི་ཡོངས་འབྲེལ་འཚོལ་ལམ་ནང་ལུ་ ཀུ་ཀིསི་(cookies)འོང་མ་བཏུབ་སྦེ་བཟོ་ནི་ཡོད་ ཡང་ན་ ཀུ་ཀིསི་(cookies)འོངམ་ད་ བརྡ་སྟོན་འབད་ནིའི་རིམ་སྒྲིག་འབད་ནི་ཡོད། (ཡོངས་འབྲེལ་འཚོལ་ལམ་མང་ཤོས་ཅིག་ར་ ཀུ་ཀིསི་(cookies)འདི་ རང་བཞིན་གྱིས་འོང་བཅུགཔ་ཨིན། འདི་འབདཝ་ད་ ཁྱོད་ཀྱིས་ དེ་ཚུ་འོང་མ་བཏུབ་སྦེ་བཟོ་བཏུབ། ཨིན་རུ་ ཞབས་ཏོག་འདི་གི་ཁྱད་ཆོས་ལ་ལུ་ཅིག་ ཀུ་ཀིསི་(cookies)མེད་པར་ གཡོག་བཀོལ་མི་བཏུབ་ཨིནམ་ སེམས་ཁར་བཞག)

གོང་ལུ་བཀོད་དོ་བཟུམ་སྦེ་ གོ་གཱལ་གྱིས་ ཀུ་ཀིས་(cookies) ལ་སོགས་པ་ཚུ་འོང་བཏུབ་དང་ འོང་མ་བཏུབ་བཟོ་བཏུབ་སྦེ་ བཟོ་དེ་འདུག ཁྱོད་ཀྱིས་ ཁྱོད་རའི་ཡོངས་འབྲེལ་འཚོལ་ལམ་གྱི་དོན་ལུ་ དེ་ནང་ལས་ ཕབ་ལེན་འབད་དེ་ བཙུགས་བཏུབ། ཁྱོད་རའི་ཡོངས་འབྲེལ་འཚོལ་ལམ་ནང་གི་རིམ་སྒྲིག་ནང་ལས་ ཀུ་ཀིསི་(cookies) དེ་ཚུ་ འོང་མ་བཅུགཔ་སྦེ་ བཟོ་ནི་ཡོད། ཁྱབ་ཆེ་ཐོན་ཁུངས་ནང་ལུ་ ཁྱོད་རའི་བརྡ་དོན་ཚུ་ ག་དེ་སྦེ་ལྟ་ནི་ཨིན་ན་དང་ འཛིན་སྐྱོང་འབད་ནི་ཨིན་ན་ཚུ་ འབྲེལ་མཐུད་འདི་ནང་ དེ་ནང་ལས་ ཤེས་ཚུགས།

ཁྲིམས་ལུགས་ལ་ལུ་ཅིག་ནང་ ཞབས་ཏོག་ཡོད་ས་ སྒེར་དབང་སྲིད་བྱུས་དང་ ཀུ་ཀིསི་(cookies)འཛིན་སྐྱོང་གི་ཐབས་ཤེས་ཚུ་དང་མ་འདྲ་བའི་ ཀུ་ཀིསི་(cookies)གི་སྲིད་བྱུས་ཡང་ཡོདཔ་ཨིན།  ཁ་གསལ་གྱི་དོན་ལུ་ སྡེ་ཚན་༩ པ་ནང་ རྒྱབ་བརྟེན་འབད།

༦། ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ཚུ་ ག་དེ་སྦེ་ སྤེལཝ་སྨོ?

ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཞབས་ཏོག་ལག་་ལེན་འཐབ་ནི་དང་ ང་བཅས་ཀྱི་ཚོང་འབྲེལ་ཡར་ཕར་གཏང་ནིའི་དང་ཆ་རོགས་འབད་མི་ཚུ་དང་ ཚོང་མགྲོན་པ་ཚུ་ལུ་ དེ་ལས་ ཁྲིམས་ཐོག་འབད་ཆོག་པའི་སྐབས་ལུ་ རང་རྐྱང་བརྡ་དོན་ཚུ་ སྤེལཝ་ཨིན། སྤྱོད་མི་ཚུ་གིས་ རང་རྐྱང་བརྡ་དོན་དགོ་པའི་ཞུ་བ་འབད་བའི་སྐབས་ལུ་ཡང་ ང་བཅས་ཀྱིས་ བརྡ་དོན་བྱིན་ནི་ཡོད། ང་བཅས་ལུ་དགོཔ་འདི་ར་ བརྡ་དོན་ལེན་མི་ཚུ་ སྒེར་དབང་སྲིད་བྱུས་ལུ་ གནས་མི་ཅིག་དགོཔ་ཨིན། དེ་མེན་ སྤྱོད་མི་ཚུ་ སྒེར་དབང་སྲིད་བྱུས་གཞན་ཅིག་གི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ་ ཡང་ན་ དྲན་གསོ་འབད་ཡོདཔ་ཅིག་དགོ

ཀོ་ཀ་ཀོ་ལ་(Coca‑Cola)གིས་ འོག་ལུ་བཀོད་ཡོད་པའི་བརྡ་དོན་ལེན་མིའི་དབྱེ་བ་དང་འཁྲིལ་ རང་རྐྱང་བརྡ་དོན་ཚུ་བྱིནམ་ཨིན།:

  • ཁྱད་རིག་གི་གྲོས་སྟོན་པ་ དཔེ་འབདན་ ཁྲིམས་རྩོདཔ་ རྩིས་འཛིན་པ་ ཉེན་བཅོལ་ལེན་མི་དང་ བརྡ་དོན་ཉེན་སྲུང་པ་དང་ ཚན་རིག་ཅན་གྱི་བརྟག་དཔྱད་པ་ཚུ་ཨིན།
  • ཞབས་ཏོག་ཡར་འཕར་གཏང་མིའི་ སྒོ་ཚོང་པ་ཚུ་(གློག་འཕྲིན་ཐོག་ལས་ཚོང་འབྲེལ་འབད་ནི་) དང་ དུས་དང་བསྟུན་ཏེ་ ང་བཅས་ལུ་ རང་རྐྱང་བརྡ་དོན་ཚུ་ ལྷན་ཐབས་འབད་ནི། དཔེ་འབདན་ མེ་ཀྲ་(Meta)འདི་གིས་ སྒེར་དོན་ཚོང་བསྒྲགས་ཀྱི་དོན་ལུ་དང་ ཚོང་བསྒྲགས་འདི་གི་ཁེ་ཕན་བརྟག་དཔྱད་ཀྱི་དོན་ལུ་ ཞབས་ཏོག་ཚུ་དང་འབྲེལ་བའི་གནས་སྡུད་ཚུ་ལེན་ཏེ་ ལག་ལེན་འཐབ་ཨིན།
  • ང་བཅས་ཀྱི་ངོ་ཚབ་འབད་ ཞབས་ཏོག་བྱིན་མི་ཚུ་གིས་ ཞབས་ཏོག་བྱིན་ནི། དེ་ཡང་ གནས་སྡུད་བརྟག་དཔྱད་ གནས་སྡུད་ཉེན་སྲུང་ ཡོངས་ཐོག་ཚོང་འབྲེལ་ལག་ལེན་ བརྟག་ཞིབ་ ཞིབ་འཚོལ་ ཡར་འཕེལ་བདག་སྐྱོང་འབད་ནི་དང་ དམ་ཚིག་གི་ལས་རིམ་ དེ་མེན་ ང་བཅས་ཀྱི་ཚོང་འབྲེལ་ལེགས་ཤོམ་འགྱོ་ནིི་ནང་ལུ་ རྒྱབ་སྣོན་འབད་ནི།  ཞབས་ཏོག་བྱིན་མི་ལ་ལུ་ཅིག་ལུ་ རྒྱལ་སྤྱིའི་འགན་ཁུར་ཡང་ཡོད།
  • ཐབས་ཤེས་ཅན་གྱི་སྡོམ་ཚོང་གི་དོན་ལུ་ དེ་ཡང་ རྩེ་རིགས་དང་ བཟོ་སྐྲུན་འབད་མི་ཚུ་ དེ་ལས་ གཅིག་ཕན་གཅིག་གྲོགས་གི་ཞབས་ཏོག་བྱིན་མི་གཞན་ཚུ་ཨིན།
  • སྡེ་ཚན་༤ པ་ནང་ལུ་བཤད་ཡོད་དོ་བཟུམ་ གནས་སྡུད་གཙང་བའི་ཁང་མིག་ཐོག་ལས། གནས་སྡུད་གཙང་བའི་ཁང་མིག་ནང་ལུ་ གནས་སྡུད་སྤེལ་མི་འདི་ཡང་ འབྲེལ་ཚོགས་འཚོལ་ནི་ འབྲེལ་ཚོགས་རྒྱ་སྐྱེད་འབད་ནི་ འབྲེལ་ཚོགས་དམིགས་གཏད་སྐྱེད་ནི་དང་ འབྲེལ་ཚོགས་མིག་དཔེ་བཟོ་ནིའི་དོན་ལུ་ཨིན།
  • སྤྲིན་མཛོད་བྱིན་མི།
  • ང་བཅས་ཀྱི་ཚོང་འབྲེལ་ནང་ལུ་ གཅིག་སྒྲིལ་འོས་འབབ་ཡོད་པའི་ ཡང་ན་ ངེས་བདེན་འཐོབ་མི་ ཡང་ན་ མ་རྩ་བཙུགས་མི་དང་ ཁོང་རའི་ཁྱད་རིག་གྲོས་བསྟོན་པ་ལ་སོགས་པ་ཚུ། སྒེར་དབང་སྲིད་བྱུས་ནང་འཁོད་དེ་ཡོད་མི་ཚུ་ རང་རྐྱང་བརྡ་དོན་གྱི་དོན་ལུ་ ངེས་བདེན་ཨིནམ་བཟོ་ནི་དང་ ཡང་ན་ སྤྱོད་མི་ཚུ་གིས་ ཧེ་མ་ལས་ར་ རང་རྐྱང་བརྡ་དོན་བྱ་རིམ་འཐོབ་ཡོད་པའི་ དྲན་བརྡ་ལྷོད་ཡོདཔ།
  • ཀོ་ཀ་ཀོ་ལ་(Coca‑Cola) གི་འབྲེལ་མཐུན་པ་དང་ དམ་སྦྱིས་ཚོང་རོགས།
  • ངོ་བཏོན་འདི་ དགོས་མཁོ་ཆེཝ་ཅིག་ཨིན་པའི་སྐབས་ལུ་ འོས་འབབ་ཅན་གྱི་ཁྲིམས་ལུགས་ལག་ལེན་ གཞུང་ཚད་འཛིན་པ་དང་ ཁྲིམས་ཁང་གི་ (i) ཁྲིམས་མཐུན་འབད་ནི་ (ii) ཁྲིམས་འབྲེལ་དབང་ཆ་ཚུ་ ལག་ལེན་འཐབ་ནི་ བཟོ་ནི་ ཡང་ན་ རྒྱབ་སྣོན་འབད་ནི་ ཡང་ན་ (iii) སྤྱོད་མི་ ཚོང་འབྲེལ་པ་ཚུ་ ཞབས་ཏོག་བྱིན་མི་ ཡང་ན་ རྩ་ཕན་གཞན་ཚུ་གིས་ རང་སོའི་སྤྲོ་བ་བདག་འཛིན་འབད་ནི།
  • ཁྱོད་ཀྱི་གནང་བ་དང་འཁྲིལ་ རྩ་ཕན་གཞན་ཚུ།

ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ རང་རྐྱང་བརྡ་དོན་སྤེལ་བ་ཅིན་ ཞབས་ཏོག་ལེན་མི་ཚུ་གིས་ རང་རྐྱང་བརྡ་དོན་ཚུ་ སྒེར་དབང་སྲིད་བྱུས་དང་ གསང་བ་ དེ་ལས་ ཉེན་སྲུང་གི་དགོས་མཁོ་ཚུ་དང་འཁྲིལ་ཏེ་ལག་ལེན་འཐབ་དགོཔ་སྦེ་དགོ

༧། ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་དེ་སྦེ་ ཉེན་སྲུང་འབདཝ་སྨོ?

ཀོ་ཀ་ཀོ་ལ་(Coca‑Cola)གིས་ ང་བཅས་ལུ་ བློ་གཏད་དེ་བྱིན་ཡོད་པའི་ རང་རྐྱང་བརྡ་དོན་ཚུ་ ཉེན་སྲུང་དང་ སྲུང་སྐྱོབ་འབད་དེ་བཞགཔ་ཨིན། རང་རྐྱང་བརྡ་དོན་ཚུ་ གནང་བ་མེད་པར་སྤྱོད་ནི་དང་ ལག་ལེན་འཐབ་ནི་ལས་ བཀག་ནིའི་དོན་ལུ་ ང་བཅས་ཀྱིས་ ཐབས་ཤེས་མ་འདྲཝ་ལེ་ཤ་ར་ ལག་ལེན་འཐབ་ནི་ཡོད།

ང་བཅས་ཀྱིས་ལག་ལེན་འཐབ་པའི་ རང་རྐྱང་བརྡ་དོན་ཚུ་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ འཕྲུལ་རིག་ཐོག་ ཕྱི་གཟུགས་ཀྱི་ཐོག་ལས་དང་ བདག་སྐྱོང་གི་ཐོག་ལས་ཉེན་སྲུང་འབདཝ་ཨིན། ང་བཅས་ཀྱི་ཉེན་སྲུང་འདི་ཡང་ ག་དེ་སྦེ་བཟོ་སྟེ་ཡོདཔ་སྨོ་ཟེར་བ་ཅིན་ ཁྱོད་ཀྱི་རང་རྐྱང་བརྡ་དོན་འདི་ ལག་ལེན་འཐབ་པའི་སྐབས་ དེ་གི་ ཚད་གཞི་དང་བསྟུན་ཏེ་བཟོ་ཡོདཔ་དང་ དེ་ཡང་ (ལག་ལེན་འཐབ་བཏུབ་པའི་) གསང་བ། དྲང་བདེན་ ཡོད་ཚད་དང་ རིམ་ལུགས་ལག་ལེན་གྱི་ལྡོག་ཤུགས་ དེ་ལས་ དུས་དང་བསྟུན་པའི་བརྟག་ཞིབ་ཀྱི་བྱ་རིམ་ བརྟག་ཞིབ་དང་ འཕྲུལ་ཆས་ཀྱི་ནུས་ཤུགས་ དབྱེ་ཞིབ་འབད་ནི་དང་ རང་རྐྱང་བརྡ་དོན་གྱི་ཉེན་སྲུང་འབད་ནིའི་ ལས་སྡེ་གི་ཐབས་ཤེས་ཚུ་ཚུད་དེ་ཡོད། ཨིན་རུ་ཡང་ རང་རྐྱང་བརྡ་དོན་ལག་ལེན་དང་འབྲེལ་བའི་ ཉེན་སྲུང་གི་ཉེན་ཁག་ཚུ་ ག་ར་ ཀོ་ཀ་ཀོ་ལ་(Coca‑Cola)གིས་བཀག་མི་ཚུགས།  

ཁྱོད་རའི་རྩིས་ཁྲ་ཡང་ ཉེན་སྲུང་དང་ལྡནམ་སྦེ་བཞག་ནིའི་འགན་ཁུར་འདི་ ཁྱོད་ར་ལུ་ར་ཕོགཔ་ཨིན། ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཁྱོད་ཀྱིས་གནང་བ་བྱིན་ཡོད་པའི་ ཁྱོད་རའི་རྩི་ཁྲ་གི་ ཞབས་ཏོག་ཚུ་རྐྱངམ་ཅིག་ལག་ལེན་འཐབ་འོང་།

ག་དེམ་ཅིག་སྦེ་ ཉེན་སྲུང་ལས་འགལ་བའི་ བྱ་ངན་རེ་འབད་ཡོདཔ་མཐོང་པ་ཅིན་ ཡང་ན་ ཤེས་པ་ཅིན་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཁྱོད་ཀྱི་ཞབས་ཏོག་ལ་ལུ་ཅིག་ ཡང་ན་ ག་ར་ལག་ལེན་འཐབ་མ་བཏུབ་སྦེ་བཟོ་འོང་། ག་དེམ་ཅིག་སྦེ་ ཁྱོད་ཀྱིས་ ཀོ་ཀ་ཀོ་ལ་(Coca‑Cola)ལུ་བྱིན་ཡོད་པའི་བརྡ་དོན་ཚུ་ ཡང་ན་ རྩིས་ཁྲ་འདི་ ཉེན་སྲུང་མེདཔ་སྦེ་ཚོར་བ་ཅིན་ ང་བཅས་ལུ་ Privacy@coca-cola.com དེ་འཕྲོ་ལས་ར་ དྲན་གསོ་འབད།

ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ཡང་ ཁྱོད་ཀྱི་རང་རྐྱང་བརྡ་དོན་གྱི་ཉེན་སྲུང་ལུ་ གནོད་ངན་འབྱུང་ཡོདཔ་ཤེས་པ་ཅིན་ ཁྲིམས་ལུགས་དང་འཁྲིལ་ཏེ་ ང་བཅས་ཀྱིས་ ཁྱོད་ལུ་ དྲན་གསོ་འབད་འོང་། དེ་འབདཝ་ལས་ ཁྱོད་རའི་རྩིས་ཁྲ་དང་འབྲེལ་བའི་ གློག་འཕྲིན་ཁ་བྱང་ནང་ལུ་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ དྲན་གསོ་འདི་གཏང་འོང་ ཡང་ན་ ཁྱོད་ཀྱི་རྩིས་ཁྲ་དང་འབྲེལ་བའི་ ཐབས་ཤེས་གཞན་ཅིག་གི་ཐོག་ལས་ དྲན་གསོ་འབད་འོང་།

ཞབས་ཏོག་ཚུ་ནང་ལས་ གནང་བ་མེད་པར་རང་རྐྱང་བརྡ་དོན་ཚུ་ ལེན་མ་ཆོགཔ་ཅིག་ཨིནམ་དང་ གལ་སྲིད་ ལེན་པ་ཅིན་ ཁྲིམས་འགལ་ཉེས་འཛུགས་ནང་ལུ་ཚུདཔ་ཨིན།

༨། ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ག་དེ་སྦེ་ བདག་བཟུང་འབདཝ་སྨོ?

ང་བཅས་ཀྱིས་ སྤྱོད་མིའི་རང་རྐྱང་བརྡ་དོན་ཚུ་ སྤྱོད་མིའི་རྩིས་ཁྲ་འདི་ དུས་མཐུན་ག་དེ་ཅི་ཡོདཔ་ཅིག་ དེམ་ཅིག་འབདཝ་ཨིནམ་དང་ དེ་མེན་ གོང་ལུ་བཀོད་དོ་བཟུམ་ དགོས་མཁོ་དང་བསྟུན་ བདག་བཟུང་འབདཝ་ཨིན། དེ་མ་ཚད་ ང་བཅས་ཀྱིས་ སྤྱོད་མིའི་རང་རྐྱང་བརྡ་དོན་ཚུ་ ཁྲིམས་མཐུན་དང་ རྩོད་རྙོགས་གསལ་ནི་ དེ་ལས་ ང་བཅས་རའི་འགན་ཡིག་ལག་ལེན་དང་བསྟུན་ བདག་བཟུང་འབདཝ་ཨིན།

ང་བཅས་ཀྱིས་ ཁྱོད་ཀྱི་ རང་རྐྱང་བརྡ་དོན་ཚུ་དུས་མཐུན་ཡོདཔ་སྦེ་ བཞགཔ་ཨིན། ང་བཅས་ཀྱི་གནས་སྡུད་བདག་བཟུང་སྲིད་བྱུས་དང་འཁྲིལ་ རང་རྐྱང་བརྡ་དོན་ཚུ་ བདག་བཟུང་འབདཝ་ཨིན།  བདག་བཟུང་གི་དུས་ཡུན་བཟོ་བའི་སྐབས་ལུ་ ཚད་གཞི་མ་འདྲཝ་ལེ་ཤ་ཡོད་མི་ཚུ་ཡང་ ཐོན་ཁུངས་ཀྱི་དབྱེ་བ་དང་ ཞབས་ཏོག་ཀྱི་དགོས་མཁོ་ ཡང་ན་ ཞབས་ཏོག་ཁྱོད་ལུ་བྱིན་ཡོདཔ་ ང་བཅས་ཀྱི་མཐུན་ལམ་གྱི་ རང་བཞིན་དང་གནས་ཡུན་དང་ ཁྲིམས་ཐོག་དགོས་མཁོའི་བདག་བཟུང་དུས་ཡུན་ཚུ་ཨིན།  བདག་བཟུང་དུས་ཡུན་གྱི་མཇུག་ལུ་ ང་བཅས་ཀྱིས་ བཏོན་གཏང་ནི་དང་ ཡང་ན་ རང་རྐྱང་བརྡ་དོན་མིང་མེད་བཟོ་ནི་ ཡང་ན་ ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ བཏོན་གཏང་མ་ཚུགས་པ་ཅིན་ ཡང་ན་ རང་རྐྱང་བརྡ་དོན་མིང་མེད་བཟོ་མ་ཚུགས་པ་ཅིན་ དབྱེ་བ་ཕྱེ་ནི་དང་ བཏོན་མ་གཏང་ཚུན་ཚོད་ རང་རྐྱང་བརྡ་དོན་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བསག་བཞགཔ་ཨིན།

ང་བཅས་ཀྱིས་ རང་རྐྱང་བརྡ་དོན་འདི་ མིང་མེད་བཟོ་བའི་བསྒང་ལས་ བརྡ་དོན་འདི་ རང་རྐྱང་བརྡ་དོན་མེན། ང་བཅས་ཀྱིས་ མིང་མེད་གནས་སྡུད་ཚུ་ ལག་ལེན་འཐབ་བཏུབ་པའི་ཁྲིམས་ལུགས་དང་ལག་ལེན་འཐབ་ཨིན།

༩། རང་རྐྱང་བརྡ་དོན་ལུ་ གདམ་ཁ་ག་ཅི་བཟུམ་ར་ ཡོད་ག?

ཁྱོད་ཀྱིས་ ཀོ་ཀ་ཀོ་ལ་(Coca‑Cola) གི་ ཁྱོད་རའི་རང་རྐྱང་བརྡ་དོན་ལག་ལེན་གྱི་ གདམ་ཁ་རྐྱབ་ནི་ཡོད། སྡེ་ཚན་༩ པའི་ནང་ ཁ་གསལ་བཤད་ཡོདཔ་བཞིན་དུ་ ཁྱོད་ཀྱིས་ ཀོ་ཀ་ཀོ་ལ་(Coca‑Cola)དང་འབྲེལ་བ་འཐབ་སྟེ་ ཁྱོད་རའི་སྒེར་དབང་ དབང་ཆ་ལག་ལེན་འཐབ་ནི་ཡང་ན་ ཁྱོད་རའི་ཡོངས་འབྲེལ་འཚོལ་ལམ་ནང་ཡོད་པའི་ཐབས་ལམ་མ་འདྲཝ་ཚུ་ ཡང་ན་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཡོདཔ་བཟོ་མི་ཚུ། གནད་དོན་ལ་ལུ་ཅིག་ནང་ རང་རྐྱང་བརྡ་དོན་ལེན་ནི་ ཡང་ན་ བཀག་བཞག་ནི་འདི་ ཁྲིམས་ལུགས་ཀྱིས་ ཚད་འཛིན་འབདཝ་ཨིན།

བརྒྱུད་འཕྲིན་དངོས་ཆས་གདམ་ཁ།

བརྒྱུད་འཕྲིན་ལག་ལེན་རིམ་ལུགས་དང་ རིམ་ལུགས་གཞི་སྟེགས་ཚུ་ (དཔེ་འབདན་ གོ་གལ་པེ་ལེ་ ཨེབ་ཨིསི་ཀྲོར་(Google Play, App Store)) ལུ་ བརྒྱུད་འཕྲིན་གྱི་དབྱེ་བའི་དམིགས་བསལ་གནས་སྡུད་དང་ དྲན་གསོ་ཚུ་ རིམ་སྒྲིག་འབད་ནིའི་གནང་བ་ཡོད། དེ་ཡང་ འབྲེལ་བ་འཐབ་སའི་ཁ་བྱང་ སྡོད་གནས་ཀྱི་ཞབས་ཏོག་དང་ དྲན་གསོ་བཏོན་ནི་ཚུ། གནང་བ་ལེན་ནི་ ཡང་ན་ བརྡ་དོན་བསྡུ་ལེན་འབད་ཡོདཔ་དང་/ཡང་ན་ དྲན་གསོ་བཏོན་ནི་ཚུ་ ཁྱོད་རའི་བརྒྱུད་འཕྲིན་གྱི་རིམ་སྒྲིགས་ལག་ལེན་འཐབ་སྟེ་ བཟོ་བཏུབ། གློག་རིག་རིམ་ལུགས་ལ་ལུ་ཅིག་ནང་ གནང་བའི་ངོས་ལེན་བསྒྱུར་བཅོས་འབད་ནི་དང་ དྲན་གསོ་བཏོན་ནིའི་རིམ་སྒྲིག་འོངམ་ཨིན། གློག་རིག་རིམ་ལུགས་ལ་ལུ་ཅིག་ལུ་ རིམ་ལུགས་ལག་ལེན་ལེགས་ཤོམ་སྦེ་ འཐབ་མ་བཏུབ་ཡོད།

ཁྱོད་ཀྱིས་ གློག་རིག་རིམ་ལུགས་འདི་ བཏོན་གཏང་པ་ཅིན་ རིམ་ལུགས་ཚུ་ལས་ བརྡ་དོན་བསྡུ་ལེན་འབད་མི་འདི་ བཀག་ཆ་འབད་ཚུགསཔ་ཨིན། རིམ་ལུགས་འདི་ཕྱིར་བཏོན་འབད་བའི་སྐབས་ ཁྱོད་རའི་བརྒྱུད་འཕྲིན་དངོས་ཆས་ལག་ལེན་འཐབ་པའི་སྐབས་ དེ་ནང་ལུ་ཡོད་པའི་ ངོས་འཛིན་འབད་ཡོད་མི་དང་ དེ་དང་འབྲེལ་བའི་ལས་སྣ་གཞན་ཚུ་ ཕྱིར་བཏོན་འབད་ནུག་ག་ ལག་ལེན་རིམ་ལུགས་ཀྱི་རིམ་སྒྲིག་དེ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དེ་ལྟ།

ཀོ་ཀ་ཀོ་ལ་(Coca‑Cola)གི་གློག་འཕྲིན་དང་ ཡིག་འཕྲིན་ཚུ་ནང་ལས་ ཕྱིར་བཏོན་འབད་ནི།

ཀོ་ཀ་ཀོ་ལ་(Coca‑Cola)ལས་ ཡར་འཕེལ་གྱི་གློག་འཕྲིན་འོང་ནི་ལས་བཀག་ཆ་འབད་ནིའི་དོན་ལུ་ གློག་འཕྲིན་གྱི་མཇུག་ལུ་ཡོད་པའི་ “རྒྱུན་ངག་མི་འབད་” ཟེར་བའི་འབྲེལ་མཐུད་གུ་ཨེབ་ནི། ཁྱོད་ཀྱིས་ ཕྱིར་བཏོན་འབད་དེ་ཡོད་རུང་ ང་བཅས་ཀྱིས་ ཡར་འཕེལ་མེན་པའི་བརྒྱུད་འབྲེལ་ དཔེ་འབདན་ ཉོ་གྲུབ་ཀྱི་སྦྱོར་རྟགས་ ཡང་ན་ ཁྱོད་ཀྱི་རྩིས་ཁྲ་གི་སྐོར་ལས་ བདག་སྐྱོང་དང་འབྲེལ་བའི་བརྡ་དོན་ཚུ་ གཏང་སྟེ་ར་སྡོད་འོང་།

ཁྱོད་ཀྱི་ རྩིས་ཁྲ་རིམ་སྒྲིག་འདི་གིས་ཡང་ དྲན་གསོའི་བརྡ་གི་གདམ་ཁ་ རིམ་ལུགས་ནང་ལས་ དྲན་གསོ་བཏོན་ནི་ཚུ་ བསྒྱུར་བཅོས་འབད་ཆོགཔ་བཟོ་འོང་།

ཡར་འཕེལ་ཡིག་འཕྲིན་(ཨེསི་ཨེམ་ཨེསི་ ཡང་ན་ ཨེམ་ཨེམ་ཨེསི(SMS or MMS)) འོང་ནི་ལས་བཀག་ཆ་འབད་ནིའི་དོན་ལུ་ ང་བཅས་ལས་ ཡར་འཕེལ་ཡིག་འཕྲིན་གཏང་ནི་ལས་ བཀག་བཞག་ཟེར་བའི་ ལན་གསལ་ཅིག་-ཡིག་འཕྲིན་ “བཀག་བཞག་” ཟེར་བྲིས་ཏེ་ ང་བཅས་ལུ་གཏང་གནང་། དེ་མ་ཚད་ འོག་ལུ་བཀོད་ཡོདཔ་བཞིན་དུ་ “ང་བཅས་དང་འབྲེལ་བ་འཐབ་ས་” ཟེར་བའི་སྡེ་ཚན་ཐོག་ལས་ ང་བཅས་ལུ་ བརྡ་ལན་འབད། ཁྱོད་རའི་བརྒྱུད་འཕྲིན་ཨང་གྲངས་ ཁ་བྱང་དང་/ཡང་ན་ གློག་འཕྲིན་ཁ་བྱང་ཚུ་བཙུགས་ཏེ་ བརྒྱུད་འབྲེལ་གྱི་དབྱེ་བ་ག་ཅི་འདི་ མ་དགོཔ་ཨིན་ན་ གཏེན་འཁེལ་སྦེ་སླབ། ག་དེམ་ཅིག་སྦེ་ ང་བཅས་ལས་ ཚོང་འབྲེལ་དང་འབྲེལ་བའི་ཡིག་འཕྲིན་ཚུ་ཡང་ འོང་མ་བཅུགཔ་བཟོ་བ་ཅིན་ ང་བཅས་ཀྱིས་ བདག་སྐྱོང་དང་འབྲེལ་བའི་ཡིག་འཕྲིན་ཁག་ཆེ་ཏོག་ཏོ་ཚུ་ དཔེ་འབདན་ ཁྱོད་རའི་རྩིས་ཁྲའི་གློག་འཕྲིན་ཚུ་ ཡང་ན་ ཉོ་འགྲུབ་ཚུ་ གཏང་སྟེ་ར་སྡོད་འོང་།

སྒེར་དབང་གི་དབང་ཆ་གི་བརྡ་དོན་དང་ དམིགས་བསལ་ཁྲིམས་ལུགས་གདམ་ཁ་ཚུ་ སྒེར་དབང་སྲིད་བྱུས་འདི་གི་མཇུག་ལུ་ སྡེ་ཚན་༡༣ པ་ ནང་ལུ་ བཀོད་དེ་ཡོད། འབྲེལ་བ་ཡོད་པའི་སྡེ་ཚན་ཚུ་ སྐྱར་ཞིབ་འབད་ཟེར་སླབ་ནི་ཨིན།

ག་དེམ་ཅིག་སྦེ་ ཁྱོད་རའི་སྡོད་གནས་འདི་ སྒེར་དབང་གི་དབང་ཆ་བྱིན་མིའི་ སྒེར་དབང་ཁྲིམས་ལུགས་ཡོད་པའི་ས་ཁོངས་ འདི་འབདཝ་ད་ སྒེར་དབང་སྲིད་བྱུས་འདི་ནང་བཀོད་དེ་མེད་མི་ཅིག་ནང་ཨིན་པ་ཅིན་ ང་བཅས་དང་ཅིག་ཁར་ PRIVACY@COCA-COLA.COM ནང་ལུ་ འབྲེལ་བ་འཐབ། ང་བཅས་ཀྱིས་ ཁྱོད་ཀྱི་སྒེར་དབང་གི་དབང་ཆ་ལུ་ གུས་ཞབས་ཡོདཔ་དང་ ཁྱོད་ཀྱིས་ཞུ་བའི་གནད་དོན་ཚུ་ གྲུབ་ནིའི་དོན་ལུ་ རྩ་འགེངས་འོང་།

༡༠། ཀོ་ཀ་ཀོ་ལ་(Coca‑Cola) གིས་ ཨ་ལོའི་སྒེར་དབང་ག་དེ་སྦེ་ ཉེན་སྲུང་འབདཝ་སྨོ?

ཞབས་ཏོག་ལ་ལུ་ཅིག་ ལོ་གི་ཚད་གཞི་ཡོད། དེ་འབདཝ་ལས་ ང་བཅས་ཀྱིས་ ཁྱོད་ལུ་ཞབས་ཏོག་འདི་ཚུ་མ་སྤྱོད་པའི་ཧེ་མ་ ཁྱོད་ཀྱི་ ལོ་བདེན་དཔྱད་འབད་ནིའི་ དྲི་བ་རེ་དྲིས་འོང་།

ང་བཅས་ཀྱི་ འགན་ཁུར་ཅན་གྱི་ཚོང་འབྲེལ་སྲིད་བྱུས་ དང་འཁྲིལ་ཏེ་ ཀོ་ཀ་ཀོ་ལ་(Coca‑Cola)གིས་ ཨ་ལོ་སྐྱེ་ལོ་༡༣ མན་ཆད་འབད་མི་ལུ་ ཐོན་ཁུངས་ཚུ་ ཐད་ཀར་ཚོང་འགྱུར་འཐབ་ནི་མེད། ག་དེམ་ཅིག་སྦེ་ ཨ་ལོ་སྐྱེ་ལོ་༡༣ མ་ལང་མི་ཅིག་གིས་ ཡང་ན་ མི་སྡེའི་ཁྲིམས་ལུགས་ནང་འཁོད་ཡོད་པའི་ལོ་ཚད་མ་ལང་མི་ཅིག་གིས་ ཁོང་རའི་ཕམ་ལས་གནང་བ་མེད་པར་ ང་བཅས་ལུ་ རང་རྐྱང་བརྡ་དོན་བྱིན་ཡོདཔ་སྦེ་ཤེས་པ་ཅིན་ ང་བཅས་ཀྱི་ སྒེར་དབང་ཡིག་ཚང་གི་ཁ་བྱང་ privacy@coca-cola.com ནང་ལུ་ འབྲེལ་བ་འཐབ་གནང་། ང་བཅས་ཀྱིས་ ཚར་གཅིག་ཤེས་པའི་བསྒང་ལས་ ཁྲིམས་ལུགས་དང་འཁྲིལ་ ཨ་ལོ་འདི་གིས་ རང་རྐྱང་བརྡ་དོན་ཚུ་ ཕྱིར་བཏོན་འབད་འོང་།

༡༡། ཀོ་ཀ་ཀོ་ལ་(Coca‑Cola) གིས་ རང་རྐྱང་བརྡ་དོན་ཚུ་ ཕྱི་རྒྱལ་ཁབ་ཚུ་ལུ་ གནས་སོར་འབདཝ་ཨིན་ན?

ཀོ་ཀ་ཀོ་ལ་(Coca‑Cola)གིས་ རང་རྐྱང་བརྡ་དོན་ཚུ་ ང་བཅས་དང་ ང་བཅས་ཀྱི་བཀྲམ་སྤེལ་བ་དང་ ཚོང་རོགས་ཚུ་གིས་ ལག་ལེན་འཐབ་པའི་རྒྱལ་ཁབ་ཚུ་ནང་ གཏང་ནི་ཡོད། ས་གནས་དེ་ཚུ་ནང་ ད་ལྟོ་ཁྱོད་རའི་སྡོད་གནས་དང་མ་འདྲ་བའི་ གནས་སྡུད་ཉེན་སྲུང་གི་ཁྲིམས་ལུགས་(ལ་ལུ་ཅིག་ ཉེན་སྲུང་ཉུང་སུ་འབད་མི་ཡང་འོང་) ཚུ་ཡོདཔ་འོང་།

ག་དེམ་ཅིག་སྦེ་ ཁྱོད་ཀྱི་རང་རྐྱང་བརྡ་དོན་ཚུ་ ང་བཅས་ ཡང་ན་ ང་བཅས་ཀྱི་ངོ་ཚབ་ཀྱིས་ རྒྱལ་ཁབ་གཞན་ཁར་གཏང་སྟེ་ཡོད་པ་ཅིན་ ཁྱོད་ཀྱི་རང་རྐྱང་བརྡ་དོན་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ སྒེར་དབང་སྲིད་བྱུས་དང་ ཁྲིམས་ལུགས་དང་འཁྲིལ་ཏེ་ར་ འབདཝ་ཨིན། ཉེན་སྲུང་དེ་ཚུ་ཡང་ ཚད་ལྡན་ཁག་འབག་གན་རྒྱའི་ཚིག་ ཡང་ན་ ཀོ་ཀ་ཀོ་ལ་(Coca‑Cola)ནང་འབྲེལ་གཏོགས་ཡོད་མི་དང་ བཀྲམ་སྤེལ་བ་ཚུ་དང་ ཚོང་རོགས་ཚུ་གི་ རང་རྐྱང་བརྡ་དོན་གཏང་ནིའི་དཔེ་རིས་ཁག་འབག་ལ་སོགས་པ་ཚུ་དང་ བསྟུན་ཏེ་འབད་མི་ཚུ་ཨིན། སྒེར་དབང་ཁྲིམས་ལུགས་དང་འཁྲིལཝ་ད་ རང་རྐྱང་བརྡ་དོན་ཉེན་སྲུང་འབད་ནིའི་དོན་ལུ་ ཁག་འབག་དེ་ཚུ་ལུ་ ང་བཅས་ཀྱི་འབྲེལ་གཏོགས་འབད་མི་ བཀྲམ་སྤེལ་བ་ཚུ་དང་ ཚོང་རོགས་ཚུ་དགོཔ་སྦེ་ཡོད།

ང་བཅས་ཀྱི་ ཚད་ལྡན་ཁག་འབག་གན་རྒྱའི་ཚིག་ ཡང་ན་ རྒྱལ་སྤྱིའི་རང་རྐྱང་བརྡ་དོན་ཉེན་སྲུང་གི་སྐོར་ལས་ བརྡ་དོན་ལེན་ནིའི་དོན་ལུ་ འབྲེལ་མཐུད་privacy@coca-cola.com དེ་ནང་ ལྟ་གནང་།

༡༢། སྒེར་དབང་སྲིད་བྱུས་འདི་ ནམ་ བསྒྱུར་བཅོས་འབད་ཡི?

ཁྲིམས་ལུགས་དང་ འཕྲུལ་རིག་བསྒྱུར་བ་ དང་ ཚོང་འབྲེལ་ཡར་རྒྱས་དང་འཁྲིལ་ སྒེར་དབང་སྲིད་བྱུས་འདི་ཡང་ ང་བཅས་ཀྱིས་ དུས་མཐུན་འབད་འོང་། དུས་མཐུན་འབད་ཡོད་མི་འདི་ ཞབས་ཏོག་ཚུ་ནང་ལས་ འཐོབ་ཚུགས།

ང་བཅས་ཀྱིས་ སྒེར་དབང་སྲིད་བྱུས་དུས་མཐུན་འབདཝ་ད་ དུས་མཐུན་འབད་འབདཝ་འདི་དང་ འགོ་འཛུགས་ཚེས་གྲངས་ཚུ་ གསལ་བསྒྲགས་འབད་འོང་། ང་བཅས་ཀྱིས་ ཁག་ཆེ་བའི་བསྒྱུར་བཅོས་རེ་འབདཝ་ད་ ཁྱོད་ཀྱི་སྒེར་དབང་གི་དབང་ཆ་ལུ་ གུས་ཞབས་ཡོདཔ་ལས་ སྐྱར་བཟོ་འབད་དེ་ཡོད་པའི་ སྒེར་དབང་སྲིད་བྱུས་དེ་ འགོ་མ་བཙུགས་པའི་ཧེ་མ་ བལྟ་ནིའི་དོན་ལུ་ ཧེ་མ་ལས་ར་ དྲན་གསོ་འབད་ནིའི་ ཐབས་རིག་མ་འདྲཝ་སྟོན་འོང་། ག་དེམ་ཅིག་སྦེ་ སྒེར་དབང་ཁྲིམས་ལུགས་ནང་ལུ་ ཁྱོད་ཀྱི་གནང་བ་དགོ་པ་ཅིན་ བསྐྱར་ཞིབ་འབད་དེ་ཡོད་པའི་སྒེར་དབང་སྲིད་བྱུས་འདི་ ལག་ལེན་མ་འཐབ་པའི་ཧེ་མ་ལས་ ཁྱོད་ལས་ ལེན་འོང་། འདི་འབདཝ་ལས་ འཕྲལ་འཕྲལ་ར་ དུས་མཐུན་འབད་ཡོད་མེད་ཤེས་ནིའི་དོན་ལུ་ སྒེར་དབང་སྲིད་བྱུས་འདི་ ཞིབ་དཔྱད་འབད་དེ་ལྟ།

༡༣། དམིགས་བསལ་ དབང་ཚད་ཁྱབ་ཁོངས་ཀྱི་ སྒེར་དབང་གི་དབང་ཆ་དང་ གདམ་ཁ།

 

* * * * *

གོང་ལས་འགྲེལ་བཤད་མ་རྐྱབ་པའི་ཁྱབ་ཁོངས་ནང་ ཁྱོད་རའི་སྒེར་གྱི་བརྡ་དོན་ཚུ་ ཚད་འཛིན་འབད་མི་ ཀོ་ཀ་ཀོ་ལ་(Coca‑Cola) གཙུག་སྡེ་གི་སྐོར་ལས་ བརྡ་དོན་ཁ་སྐོང་ཚུ་ གཤམ་གསལ་ལྟརཿ

འབྲུག་གི་རྒྱལ་བརྒྱུད་རྒྱལ་ཁབ།
བཀྲ་ཤིས་ མངར་ཆབ་ཚད་འཛིན། (TASHI BEVERAGES LIMITED)
འགྲེམ་སྒྲོམ། ༢༦༧ འབྲུག་སྤ་ས་ཁ།
༠༠༩༧༥-༧༧༡༩༠༣༠༠(༠)